འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྨན་པའི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྨན་པའི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། 2017ལོར། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་3500ཙམ་བཏང་བ་དེ་དག་གྲོང་གསེབ་སྨན་པའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བའི་ཐད་སྤྱོད་རྒྱུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཐོ་འགོད་བྱས་པའི་གྲོང་གསེབ་སྨན་པ་རེར་ཆ་སྙོམས་ཁ་གསབ་སྒོར་5000སྤོར་རྒྱུ་རེད། མཚམས་འདིར་གྲོང་གསེབ་སྨན་པའི་མི་རེའི་ཆ་སྙོམས་ཀྱི་སྤྱི་ཡོངས་ཁ་གསབ་སྒོར་ཁྲི་1.5ཟིན་རྒྱུ་ཡིན་པ་དེའི་ནང་གྲོང་གསེབ་སྨན་པའི་ཁ་གསབ་སྒོར་ཁྲི་1.3དང་། ལག་དེབ་ཡོད་པའི(ལས་རོགས)སྨན་པ་དཀའ་བཅུ་པའི་ཐོབ་ཐང་ངམ་ཡང་ན་འབྲིང་རིམ་ཆེད་ཚན་ཡན་གྱི་སློབ་རྒྱུས་ལྡན་པའི་གྲོང་གསེབ་སྨན་པའི་ཁ་གསབ་སྒོར་1000 དེ་བཞིན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཆུ་དང་། གློག དྲོད་རླངས་བཅས་ཀྱི་ཁ་གསབ་སྒོར་1000བཅས་ཚུད་ཡོད་ཅིང་། འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་རྒྱས་ཤང་མདའ་བཞི་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་མགོན་པོ་ཚེ་བརྟན་གྱིས་སྦག་སྦག་བཞོན་ནས་སྨན་བཅོས་བྱེད་པར་སྐྱོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།