འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཀྲུང་གོ་དངུལ་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ་ཀྱི་གྲས་སུ་མི་འཇོག་ཅེས་ཐི་རོམ་
    ཕུ་ཡིས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིས་ཀྲུང་གོ་དངུལ་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ་ཀྱི་གྲས་སུ་མི་འཇོག་ཅེས་ཐི་རོམ་
ཕུ་ཡིས་བཤད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཕོ་བྲང་དཀར་པོར་《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར་》གྱི་བཅར་འདྲི་དང་ལེན་གནང་དུས། ཨ་རིའི་སྲིད་གཞུང་གིས་ཀྲུང་གོ་དངུལ་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ་ཀྱི་གྲས་སུ་མི་འཇོག་ཅེས་བསྟན་པ་རེད།
           ཨ་རིའི་ནོར་སྲིད་པུའུ་ཡིས་འཕྲལ་མར་འབྲེལ་ཡོད་སྙན་ཞུ་ཕུལ་ཏེ་ཀྲུང་གོ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་དངུས་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་མིན་ལ་དོ་ཁུར་ཆེན་པོ་བྱས་ཡོད་པ་རེད། 《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར་》ལྟར་ན། ཉིན་དེར་ཐི་རོམ་ཕུ་ཡིས་བཅར་འདྲི་དང་ལེན་གནང་དུས། གཟའ་འཁོར་འདིའི་ནང་སྤེལ་གྲབས་ཡོད་པའི་སྙན་ཞུའི་ནང་ཀྲུང་གོར"དངུལ་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ"མིང་རྟགས་འགོད་མི་སྲིད་ཅེས་བསྟན་པ་རེད། ཐི་རོམ་ཕུ་ཡིས"ཨ་སྒོར་ནི་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད་པས།" ང་རང་ཡང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་ནས་སྐྱེད་ཚད་དམའ་ཤོས་རྒྱུན་འཁྱོངས་བྱེད་རེ་ཡོད་ཅེས་བསྟན། ཁོང་གིས་ཨ་སྒོར་སྟོབས་ཆེ་དྲག་ན་མཐའ་མར་གནོད་པ་ཡོང་ངེས། རྒྱལ་ཁབ་གཞན་པ་ཚང་མས་རང་ངོས་རྒྱལ་ཁབ་ཀྱི་དངུལ་ལོར་འཛའ་ཐང་ཆག་པར་བྱེད་དུས། ཨ་སྒོར་སྟོབས་ཆེ་དྲག་ན་འགྲན་རྩོད་དཀའ་བ་འབྱུང་ངེས་རེད་ཅེས་བརྗོད་པ་རེད།
             ཐི་རོམ་ཕུ་ཉིད་ཙུང་ཐུང་འགྲན་རྩོད་འདེམས་བསྐོའི་སྐབས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་ཡའེ་ལུན་ལ་སྐྱོན་བརྗོད་ཚད་མེད་གནང་མྱོང་ཞིང་། ཐི་རོམ་ཕུ་ཡིས་རང་ཉིད་དང་ཡའེ་ལུན་གཉིས་ཕོ་བྲང་དཀར་པོར་ངོ་ཐུག་ཁ་བརྡ་བྱེད་མྱོང་ལ། "ང་རང་ཁོ་མོར་དགའ་བ་དང་། ཁོ་མོར་བརྩི་བཀུར་ཡང་བྱེད་ཀྱི་ཡོད"ཅེས་དང་། "དྲང་པོར་བཤད་ན། ང་རང་དངོས་གནས་སྐྱེད་ཚད་དམའ་བའི་སྲིད་ཇུས་ལ་དགའ་པོ་ཡོད"ཅེས་ཀྱང་བརྗོད་པ་རེད། དབྱེ་ཞིབ་པས་ཐི་རོམ་ཕུ་ཡི་གདོང་འཇོག་དེའི་དབང་གིས་ཡའེ་ལུན་སང་ལོར་མུ་མཐུད་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞིའི་ལས་འགན་བསྟུད་མར་འཁུར་སྲིད་པའི་ངེས་པ་ཡོད་ཅེས་བསྟན་པ་རེད།
    ༄༅།།ཨ་རིས་ཀྲུང་གོ་དངུལ་བརྗེས་འཛའ་ཐང་སྒྱུར་བའི་རྒྱལ་ཁབ་ཀྱི་གྲས་སུ་མི་འཇོག་ཅེས་ཐི་རོམ་
ཕུ་ཡིས་བཤད་པ།
      

    ཕྱོགས་བསྡུས་གསར་འགྱུར།