འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་རོགས་དངུལ་བཏང་བའི་རྣམ་གྲངས་ཡིན་པའི་ལྷ་མོ་གསོ་སྦྱོང་
    འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2016ལོའི་ཤེས་ལྡན་མི་སྣ་གསོ་སྐྱོང་རིགས་ཀྱི་རོགས་དངུལ་རྣམ་གྲངས་ཡིན་པའི་ལྷ་མོ་གསོ་སྦྱོང་འཛིན་གྲྭ་ཚེས་8ཉིན་གྱི་སྔ་དྲོ་ལྷ་སར་སློབ་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། དེ་བཞིན་བོད་ཀྱི་ས་ཁུལ་(གྲོང་ཁྱེར)ཁག་གི་ལྷ་མོའི་ལས་སྒོའི་རྐང་འཛིན་པ་45བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་དུས་ཡུན་ཉིན་60ཡི་གཅིག་སྡུད་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དེ་དམངས་ཁྲོད་ལྷ་མོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་རྨང་གཞིར་བྱེད་པ་དང་། ལྷ་མོའི་རིགས་གཅིག་མཁས་ཅན་དང་། ཆེད་ལས་ཀྱི་ལྷ་མོའི་དགེ་རྒན། དེ་བཞིན་ཕུལ་བྱུང་དམངས་ཁྲོད་ལྷ་མོའི་རྒྱུན་འཛིན་པ་བཅས་ཐུན་མོང་ཐོག་ཞུགས་པ། ལྷ་མོ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། གཞི་རྩའི་འགུལ་སྟངས་ཀྱི་རྩ་གནད། རྩེར་སོན་ཟློས་གར་འཁྲབ་སྟོན་འཁྲབ་རྩལ། གཞས་གདངས་དང་དེ་བཞིན་བརྡུང་རོལ་གྱི་གཞི་རྩའི་རྩ་གནད་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།
          གསོ་སྦྱོང་གཙོ་གཉེར་ཕྱོགས་ཀྱི་འགན་འཁུར་བ་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འགན་འཁུར་བས་ད་རེས་ཆེད་ལས་ལྷ་མོའི་ལག་རྩལ་གཅིག་སྡུད་ཐོག་གསོ་སྦྱོང་བྱ་རྒྱུ་དང་། གསོ་སྦྱོང་ནང་གྲགས་ཅན་གྱི་ལྷ་མོ་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་དང་། ལྷ་མོ་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་ཅན་གསོ་སྦྱོང་བྱ་ཡུལ་དུ་ལྷ་མོའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པར་གདན་དྲངས་ཏེ། ཆེད་ལས་ཟློས་གར་ཚོགས་པའི་གར་སྟེགས་ཅན་གྱི་ལྷ་མོའི་འཁྲབ་གཞུང་རྩེ་གྲ་འཁྲབ་སྟོན་བྱ་རྒྱུ་དང་། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་གཞུང་ཁག་གི་དམངས་ཁྲོད་ཀྱི་ཕུལ་བྱུང་ལྷ་མོའི་འཁྲབ་ཚན་འཁྲབ་སྟོན་བྱ་རྒྱུ། བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་བཅས་རེད། སློབ་ཁྲིད་མཇུག་འགྲིལ་རྗེས་ད་དུང་གསོ་སྦྱོང་གི་ནང་དོན་ལ་གཞིགས་ནས་སློབ་ཁྲིད་ཀྱི་གཟིགས་འབུལ་འཁྲབ་སྟོན་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད།
           དཔལ་ལྡན་དབང་ཕྱུག་གིས་ད་རེས་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ཤེས་ལྡན་པ་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དེ་ནི་སློབ་མ་ཚོའི་ལྷ་མོའི་སྒྱུ་རྩལ་གྱི་རིགས་པའི་གཞུང་ལུགས་དང་། ལག་ལེན། ཟབ་ཚད། ཡངས་ཚད། མཐོང་རྒྱ་བཅས་ཀྱི་རིམ་ངོས་ནས་བློ་རྒྱ་ཡངས་སུ་གཏོང་བ་དང་། སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལས་དོན་སྒྲུབ་སེམས་ཆེ་བ་དང་། འགན་འཁྲི་འཁུར་སེམས་ཆེ་བ། ཆེད་ལས་རྩལ་ནུས་བྱང་ཆུབ་པ་བཅས་ཀྱི་རྩེར་སོན་ལྷ་མོའི་ཆེད་ལས་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་མོ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།