འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་ལྔ་ཚན་བཅུ་གསུམ་པར"མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་རྩི་ཤིང་མུའུ་ཁྲི་400རེ་
    འཛུགས་འཆར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 08:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། "ལོ་ལྔ་ཚན་བཅུ་གསུམ་པར"ལོ་རེར་རྩི་ཤིང་མུའུ་ཁྲི་400རེ་འཛུགས་རྒྱུའི་འོས་འགན་ལེགས་གྲུབ་ཡོང་བ་བྱེད་པ་ལ། མི་རེར་ཆ་སྙོམས་ན། མི་རེས་ལོ་རེར་རྩི་ཤིང་མུའུ་ཕྱེད་ཀ་ཙམ་འཛུགས་དགོས་པ་རེད་ཅེས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཀའོ་ཧྲེང་གིས་ཉེ་ཆར་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་འཚོགས་པའི་ཐོག་བཏོན་གནང་བ་རེད། ད་ལོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་རྩི་ཤིང་བཙུགས་ནས་ནགས་ཚལ་མུའུ་ཁྲི་1ཙམ་བསྐྲུན་རྒྱུའི་འཆར་གཞི་ཡོད་ཅིང་། རྩི་ཤིང་70%ཡན་གསོན་པའི་འགན་སྲུང་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་གྱིས་མི་ཁྲི་30ལྷག་ཙམ་སྐུལ་སློང་བྱས་ཏེ་འོས་འགན་རྩི་ཤིང་རྐང་ཁྲི་432.9ཙམ་བཙུགས་པ་ལེགས་གྲུབ་བྱུང་ཡོད་པ་རེད།
          "ལོ་ལྔ་ཚན་བཅུ་གཉིས་པ"ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་མུའུ་1337བསྐྲུན་པའི་ལས་འགན་འགྲུབ་ཡོད་ཅིང་། ནགས་ཚལ་ཁེབས་ཚད"ལོ་ལྔ་ཚན་བཅུ་གཅིག་པའི་"སྐབས་5.2%ལས་ཟིན་མེད་པ་ནས་6.3%ལ་ཟིན་པར་གྱུར་ཅིང་། རྒྱ་ཁྱོན་ལ་མུའུ་6780ཟིན་ཡོད་པས། མཚོ་སྔོན་ཞིང་ཆེན་ལ"ཤར་རྒྱུད་དུ་སྟར་ཤིང་དང་། ནུབ་རྒྱུད་དུ་འདྲེ་ཚེར་མ། ལྷོ་རྒྱུད་དུ་བོད་ཇ། རྨ་ཆུ་དང་ཙོང་ཆུ་རྒྱུད་དུ་ཤིང་ཏོག་གི་རིགས"བཅས་ཀྱི་ནགས་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་ཡོད་སྟབས། ནགས་ལས་ཐོན་སྐྱེད་ཀྱི་རིན་ཐང་ལོ་ལྔ་ཡི་གོང་ལ་སྒོར་དུང་ཕྱུར་8ལས་ཟིན་མེད་པ་ནས་ད་ལྟའི་སྒོར་དུང་ཕྱུར་44བར་ཟིན་པར་གྱུར་པ་རེད། བརྟག་དཔྱད་བྱས་འབྲས་སུ་གསལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལོ་ལྔ་ཡི་རིང་ལ་མུའུ་ཁྲི་80ལྷག་ཙམ་ཉུང་དུ་ཕྱིན་ཡོད་པས། སྤྱིའི་ཆ་ནས"བྱེ་མར་གྱུར་ནས་མི་རྣམས་གནས་སྤོ"བྱེད་པ་ནས"བྱེ་མ་བཅོས་སྐྱོང་བྱས་ནས་མི་རྣམས་མདུན་སྐྱོད"དང་། བྱེ་མར་འགྱུར་ཚད་ཉུང་དུ་སོང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་བྱུང་ཡོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། མཚོ་སྔོན་ཞིང་ཆེན་ནི་མཐོ་སྒང་གི་ཐན་པ་ཆེ་ཁུལ་ཡིན་སྟབས། རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ། ས་རྒྱ་ཆེ་ཡང་རྩི་ཤིང་བཙུགས་འཐུས་ཁུལ་ལྟོས་བཅས་ཐོག་ནས་ཉུང་ཁུལ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།