འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལས་ཞོར་རི་འཛེག་རུ་མི་22ཇོ་མོ་གླང་མར་འཛེག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་ཀྲུང་གོའི་ལས་ཞོར་རི་འཛེག་རུ་མི་22ལྷ་ས་ནས་ཐོན་ཏེ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་ནས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་འཛེག་རྒྱུ་ཡིན་པ་རེད། གལ་ཏེ་བདེ་བླག་བྱུང་ཚེ་རི་འཛེག་རུ་མི་དེ་དག་ཟླ་བ་5པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཇོ་མོ་གླང་མར་འཛེག་ཐུབ་རེ་ཡོད་པ་རེད།
         རི་མཐོའི་ཞབས་ཞུའི་ལས་འགན་འཁུར་མཁན་བོད་ལྗོངས་ཡར་ལྷ་ཤམ་པོ་རི་མཐོ་མྱུལ་དཔྱད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསམ་གྲུབ་ཀྱིས་ཚོད་འཛིན་ནན་པོ་བྱེད་པའི་གནས་ཚུལ་འོག་འདི་ལོ་ཇོ་མོ་གླང་མའི་བྱང་རྒྱུད་ནས་འཛེག་མཁན་རྒྱལ་ནང་གི་ལས་ཞོར་རུ་མི་22ཡོད་པ་དེ་ཉེ་བའི་ལོ་ཤས་རིང་གི་གཞི་ཁྱོན་ཆེ་ཤོས་ཡིན། རི་འཛེག་རུ་མི་དེ་དག་ས་བབ་སྨི་8000ཡོད་པའི་རི་མཐོར་འཛེགས་མྱོང་བས་ཇོ་མོ་གླང་མར་འཛེག་པའི་ནུས་པ་ཆེན་པོ་ལྡན་པ་དང་དེ་དག་ནང་ད་དུང་བཟའ་ཚང་གཅིག་ཡོད། རི་འཛེག་རུ་མི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་འབྱོར་རྗེས་ས་བབ་མི་འདྲ་བའི་ས་ཆར་སྦྱོང་བརྡར་བྱས་ནས་ཟླ་ལྔ་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་གནས་ཚུལ་ལ་གཞིགས་ནས་ལ་རྩེར་འཛེག་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         བདེ་འཇགས་འགན་ལེན་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ཆེད། བོད་ལྗོངས་ཡར་ལྷ་ཤམ་པོ་རི་མཐོ་མྱུལ་དཔྱད་ཀུང་སིས་རི་མཐོའི་ཞབས་ཞུའི་མི་སྣ་110ལྷག་ཙམ་བཏང་ནས་ལྔ་བསྡུར་གཅིག་གི་ཞབས་ཞུའི་འགན་ལེན་ཚད་གཞི་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། བསམ་གྲུབ་ཀྱིས་རི་མཐོའི་འགན་ལེན་དང་ཞབས་ཞུའི་མི་སྣས་སྔོན་ལ་ཇོ་མ་གླང་མའི་སྒར་ས་ཆེན་པོར་བསྐྱོད་དེ་ས་བབ་སྨི་5800ཡི་བར་བརྒལ་ས་ཆར་སྒར་རྒྱག་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།