འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་ཁྲེང་ཏུའུ་ཀྲུང་ལུཌ་གསོ་རིག་སྨན་རྫས་སློབ་ཆེན་གྱི་
    སློབ་ཁྲིད་སྨན་ཁང་གི་སྒོ་བྱང་དངོས་སུ་བཀལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་སློབ་ཁྲིད་སྨན་ཁང་གི་གན་རྒྱ་འཇོག་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་དུ་འཚོགས་པ་རེད། ཕྱོགས་གཉིས་པོས་《ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་སློབ་ཁྲིད་སྨན་ཁང་འཛུགས་རྒྱུའི་སྐོར་གྱི་གན་རྒྱར་》མཉམ་དུ་མིང་རྟགས་བཀོད་པ་དང་འབྲེལ“ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སློབ་ཆེན་གྱི་སློབ་ཁྲིད་སྨན་ཁང”གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།
          པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་1992ལོར་བཙུགས་པ་དང་རྒྱལ་ཁབ་ཀྱིས་པེ་ཅིང་དུ་མ་དངུལ་བཏང་ནས་བསྐྲུན་པའི་མི་རིགས་གསོ་རིག་སྨན་རྫས་ཀྱི་སྐར་ཁུང་རྣམ་པའི་སྨན་ཁང་ཞིག་རེད། ལོ་20ལྷག་ཙམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སོགས་རྒྱལ་ཁབ་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་མིག་སྔར“བོད་ལུགས་གསོ་རིག་གཙོ་བོར་བྱེད་པ་དང་མི་རིགས་མང་པོའི་སྨན་བཅོས་དང་ཀྲུང་ལུགས་དང་ཕྱི་ལུགས་ཟུང་དུ་འབྲེལ་བའི་སྨན་བཅོས་དང་། ཚན་ཞིབ། སློབ་ཁྲིད་བཅས་གཞི་གཅིག་ཏུ་འབྲེལ་བའི”རྒྱལ་ཁབ་རིམ་པའི་མི་རིགས་གསོ་རིག་གི་གཙོ་གནད་སྨན་ཁང་ཞིག་ཏུ་གྱུར་ཡོད།
          ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཐོག་མའི་མིང་ལ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་གླིང་ཞེས་ཟེར་བ་དང་1956ལོར་བཙུགས་ཤིང་། ཀྲོའུ་ཨེན་ལའེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོའི་ཐུགས་ཁུར་འོག་ཆོག་མཆན་སྤྲད་དེ་བཙུགས་པའི་རང་རྒྱལ་གྱི་ཆེས་སྔ་ཤོས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་མཐོ་རིམ་སློབ་གླིང་གི་གྲས་ཤིག་ཡིན་པ་དང་ད་བར་སློབ་ཁྲིད་སྨན་ཁང་23ཡོད་པ་མ་ཟད། ད་དུང་མི་རིགས་གསོ་རིག་སྨན་རྫས་སློབ་གླིང་བཙུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།