འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“ཧན་ཧྲུའུ་ལིའི་བོད་ཀྱི་རི་མོའི་འགྲེམས་སྟོན”ཨའོ་མོན་དུ་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཨའོ་མོན་ཐེབས་རྩ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་རིག་གཞུང་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“ཧན་ཧྲུའུ་ལིའི་བོད་ཀྱི་རི་མོའི་འགྲེམས་སྟོན”ཨའོ་མོན་མེས་རྒྱལ་པང་དུ་ལོག་པའི་རྟེན་འབྲེལ་མཚམས་རྟགས་འགྲེམས་སྟོན་ཁང་དུ་གཉེར་འགོ་ཚུགས་ཤིང་། འགྲེམས་སྟོན་དེ་ཟླ་4ཚེས་6ཉིན་ནས་ཚེས་30ཉིན་བར་གཉེར་རྒྱུ་ཡིན་པ་རེད།
          ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་ནང་ཧན་ཧྲུའུ་ལིའི་རི་མོའི་བརྩམས་ཆོས་རྩེ་གྲ་50ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། བོད་ཀྱི་སྲོལ་རྒྱུན་རི་མོའི་འབྲི་སྟངས་ནས་དེང་རབས་ཀྱི་རི་མོའི་འབྲི་སྟངས་བར་དང་ལྷ་སྐུ་གཙོ་བོར་འབྲི་བ་ནས་མི་གཙོ་བོར་འབྲི་བའི་བར་གྱི་རིག་གནས་ཀྱི་རྒྱུན་འགྲེམས་སྟོན་བརྒྱུད་རི་མོ་མཁས་ཅན་གྱི་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་རིག་གནས་བསམ་ཕྱོགས་མཚོན་པར་བྱས་ཡོད། འགྲེམས་སྟོན་གྱི་དམིགས་ཡུལ་ནི་དེང་སྐབས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་ཨའོ་མོན་དང་བོད་དབར་གྱི་རིག་གནས་སྒྱུ་རྩལ་སྤེལ་རེས་ལ་སྐུལ་འདེད་དང་ཨའོ་མོན་དང་བོད་ཀྱི་རིག་གནས་རྣམ་པ་འཁྲུག་ཏུ་བཏང་ནས་ཨའོ་མོན་གྱི་མི་དམངས་ཚོར་བོད་ཀྱི་རི་མོའི་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་ཉམས་སྣང་རྒྱུས་མངའ་ལོན་པ་དང་ཚོར་བ་བྱ་རྒྱུ་དེ་རེད།
          ངོ་སྤྲོད་བྱས་པ་ལྟར་ན། གཙོ་གཉེར་ཕྱོགས་ཀྱིས་ད་ཐེངས་ཀྱི་འགྲེམས་སྟོན་བརྒྱུད་ཨའོ་མོན་མི་དམངས་ཀྱིས་བོད་ཀྱི་དེང་སྐབས་མཛེས་རྩལ་དང་། བོད་ཀྱི་རིག་གནས་སྒྱུ་རྩལ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་བཅས་དེ་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག ཨའོ་མོན་དང་བོད་དབར་གྱི་རིག་གནས་སྤེལ་རེས་ལ་ཐབས་ལམ་དང་སྦྲེལ་ཟམ་དེ་བས་མང་བ་བསྐྲུན་ཏེ་ས་ཆ་གཉིས་དབར་གྱི་རིག་གནས་སྤེལ་རེས་ལ་དེ་བས་ཡངས་པའི་ལམ་བུ་ཟམ་མི་ཆད་པར་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།