འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས་ས་ཁུལ་དབུལ་པོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། གསར་འགོད་པར་ཀོང་ཤིས་རང་སྐྱོང་ལྗོངས་ཀྱི་2017ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་འདེད་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་མགྱོགས་པོ་ཡོང་ཆེད། འདི་ལོ་ཀོང་ཤིས་ཀྱིས་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ས་ཁུལ་དབུལ་པོའི་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྐྱ་གྲིབ་ནད་པ་དབུལ་པོར་སྨན་རིན་མི་དགོས་པར་སྨན་བཅོས་བཅས་བྱས་ཏེ་གྲོང་གསེབ་ཀྱི་ནད་པ་དབུལ་པོའི་ཁྱིམ་ཚང་གི་བདེ་ཐང་གན་རྒྱ་འཇོག་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་ཆབས་ཅིག་ས་ཁུལ་དབུལ་པོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་རེད།
         རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུའི་ཐོག་འདི་ལོ་ཀོང་ཤིས་ཀྱིས་གྲོང་ཚོ་དབུལ་པོའི་འགྲོ་ལམ་གང་མགྱོགས་བདེ་རུ་བཏང་ནས་དབུལ་སྒྲོལ་བྱེད་རྩིས་ཡོད་པའི་གྲོང་ཚོ་དབུལ་པོའི་དུད་ཚང་20ཡན་ཟིན་པའི་རང་བྱུང་གྲོང་ཚོར་རྡོ་ཧྲུག་ལམ་ཡན་གྱི་ཚད་གཞི་ལོན་པ་བྱེད་དགོས། ལྗོངས་ཡོངས་ཀྱི་རྫོང་དབུལ་པོ་54ཡི་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་སྤྲོད་བྱེད་ཚད་སྤྱིའི་ཆ་ནས་78%ཟིན་པ་དང་ཆུ་ཀ་ལ་ཁྱབ་ཚད་76%ཡན་ཟིན་པ་བྱེད་དགོས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལེགས་བཅོས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས། གློག་དྲ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་2017ལོར་དབུལ་སྒྲོལ་བྱེད་རྩིས་ཡོད་པའི་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོའི་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་ལ་གཙོ་གནད་སྐུལ་འདེད་བཏང་སྟེ་གྲོང་ཚོ་དབུལ་པོར་སྒུལ་ཤུགས་གློག་ཤར་གཏོང་ཐུབ་པ་བྱེད་དགོས། དུད་ཚང་དབུལ་པོའི་ཉེན་ཁང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང་རེའི་ཆ་སྙོམས་རོགས་དངུལ་ཚད་གཞི་མཐོ་རུ་འོས་འཚམ་བཏང་སྟེ་ལོ་འདིའི་ནང་དུད་ཚང་དབུལ་པོ་ཁྲི་7གྱི་ཉེན་ཁང་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱེད་དགོས་ཞེས་བཤད།
         འདི་ལོ་ཀོང་ཤིས་ཀྱིས་ས་ཁུལ་དབུལ་པོའི་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། སློབ་གསོའི་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་26.8བཏང་སྟེ་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཆ་རྐྱེན་སྐྱོ་བའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་གཏོང་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་གྱི་འཆར་གཞིར་སྐུལ་འདེད་གཏོང་བ། དམིགས་བསལ་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་རེད། ཡུག་སྦྲེལ་དང་མཐའ་མཚམས་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་རོགས་དངུལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སློབ་མའི་རོགས་སྐྱོར་འཆར་གཞི་ལག་ལེན་བསྟར་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་བྱེད་པ་དང་ཁ་གསབ་བྱེད་དགོས་རིགས་ཚང་མར་ཁ་གསབ་བྱ་རྒྱུ་དང་ཆབས་ཅིག་ཁྱིམ་ཚང་དབུལ་པོའི་སློབ་ལོ་ལོན་པའི་ལོ་ཆུང་བྱིས་པ་སློབ་མཚམས་ཆད་ཚད་ལ་ཚོད་འཛིན་ནན་པོ་བྱེད་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།