འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི“ཀའོ་ཧྲན་མེ་ལི་ནུའི་བལ་འཇམ་ལུག”གསོ་ཚགས་ལེགས་གྲུབ་བྱུང་ནས་
    རྒྱལ་ཕྱིའི་སྒེར་སྡེམ་མེད་པར་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། རྒྱལ་ཁབ་ཀྱི་བྱ་དགའ་ཁག་19ཐོབ་པ་དང་ཚན་རྩལ་དཔྱད་རྩོམ་14000ལྷག་ཙམ་སྤེལ་བའི་ནང《Nature》དང《Science》ཡི་དུས་དེབ་རབ་དང་རིམ་པར་དཔྱད་རྩོམ་21བཏོན་པ་དང་། སྲོག་ཆགས་དང་རྩི་ཤིང་གི་སྣ་ཁ་གསར་པ་294ལ་ཞིབ་བཤེར་གཏན་འཁེལ་བྱས་པ་དེ་ནི་ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ཚན་རྩལ་གསར་གཏོད་ལས་གྲྭ་ལག་ལེན་བསྟར་ནས་ལོ་4ཡི་རིང་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་ལ། རང་རྒྱལ་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལའང་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།
         ཚན་རྩལ་གསར་གཏོད་ལས་གྲྭ་ནི་ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ཡུན་རིང་ཞིང་ལས་ཚན་རྩལ་གསར་གཏོད་བརྟན་པོའི་ངང་བྱས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། 2013ལོ་ནས་ལག་བསྟར་བྱེད་འགོ་ཚུགས་ཚུན། ཁང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས“ཐོན་ལས་ཀྱི་གལ་ཆེའི་ཚན་རྩལ་དགོས་མཁོར་ཞབས་ཞུ་དང་། འཛམ་གླིང་ཞིང་ལས་ཚན་རྩལ་རྩེ་གྲར་སླེབས་པ”མཐའ་འཁྱོངས་བྱས་ནས་རིག་ཚན་མ་ལག་གཏོད་རྒྱུ་གཙོ་རྐང་དུ་བརྩི་བ་དང་ཚན་རྩལ་གྱི་བརྗོད་དོན་གལ་ཆེན་ལས་བརྒལ་བ་ཁྲིད་སྟོན་དུ་བྱས་ཏེ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་མངོན་གསལ་དོད་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་ལེགས་སྒྲིག རྟེན་གཞིའི་ལས་སྟེགས་ཀྱི་ནུས་པ་མཐོ་རུ་ནུས་ལྡན་གཏོང་བ། རྒྱལ་སྤྱིའི་མཉམ་ལས་བར་མཐོངས་སྲ་བརྟན་རྒྱ་སྐྱེད་གཏོང་བ་བཅས་བྱས་པར། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཁང་ཡོངས་ཀྱི་དངོས་ཤུགས་དང་ཚན་རྩལ་གསར་གཏོད་ནུས་པ་ཧྲིལ་པོ་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།