འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་
    མྱོང་རྒྱུན་འཛིན་པ་72ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་མི་སྣ་20ལ 《རྒྱུན་འཛིན་དགེ་ཕྲུག་ལག་ཁྱེར》 ཐོབ་ནས་རྒྱལ་ཡོངས་ཀྲུང་ལུགས་སྨན་པ་རྒན་གྲས་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་གྱི་རྒྱུན་འཛིན་པར་གྱུར་ཡོད། དེར་བརྟེན་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ་72ཟིན་ཡོད། 
         1990ལོར་འཕྲོད་བསྟེན་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཀྲུང་ལུགས་སྨན་པ་རྒན་གྲས་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་རྣམ་གྲངས་མཉམ་དུ་གཉེར་འགོ་ཚུགས་ཤིང་། བོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་རྒྱུན་འཛིན་པས་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་གྱི་སྨན་པ་རྒན་གྲས་ཤིག་ལ་ལོ་གསུམ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་བསམ་བློ་དང་ནད་ཐོག་སྨན་བཅོས་ལག་རྩལ་ཐད་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་འབྲེལ་གསར་གཏོད་ཀྱང་བྱེད་དགོས་ཀྱི་ཡོད། 
         “དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་བྱེད་སྟངས་ནི་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་དེ་ཡིན” ཞེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཞུའེ་ཅུན་གྱིས་བཤད་པ་དང་། ཁོང་གིས “ལོ་རྒྱུས་ཀྱིས་རྐྱེན་པས་ཞིང་འབྲོག་ཁུལ་གྱི་སྨན་པ་རྒན་གྲས་མང་དག་ཅིག་ལ་ཚད་ལྡན་སློབ་གསོ་ཐོབ་མེད། རྒྱུན་འཛིན་པའི་མ་ལག་སྐྲུན་པ་དེས་ཁོང་ཚོའི་ནད་གཞི་ལྟ་བ་དང་སློབ་འཁྲིད་ཀྱི་ནུས་པར་ཁས་ལེན་བྱས་ཏེ་ཁོང་ཚོའི་སྲོལ་རྒྱུན་གྱི་རྩལ་ནུས་རྒྱུན་འཛིན་ཐུབ་ཀྱི་ཡོད” ཅེས་བཤད།
         ད་ཐེངས་ཀྱི་རྒྱུན་འཛིན་པ་20ཚང་མ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་ལས་དོན་གྱི་འཐབ་ས་དང་པོ་ནས་ཡོང་བ་ཤ་སྟག་ཡིན་ཞིང་། དེའི་ནང་གི་མི་2ལ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སློབ་ཆེན་གྱི་འབུམ་རམས་པའི་སློབ་གནས་ཐོབ་པ་དང་། མི་8ལ་རབ་འབྱམས་པའི་སློབ་གནས་ཐོབ་པ། མི་1གིས་མཆོག་རམས་པའི་དཔྱད་རྩོམ་རྩོད་ལན་བརྒྱབ་ནས་དཔྱད་ཞིབ་བྱས་ཟིན་པ་རེད། ཧུའུ་ཞུའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་བོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གྱི་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་རྒྱུན་འཛིན་པ་ཁག་དང་པོ་བྱུང་ཡོད།
         ད་ཕན་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་ཐད་སྐུལ་འདེད་བཏང་ཡོད།“ལོ་ལྔ་ཚན་བཅུ་གཉིས་པའི” རིང་། ཁྱོན་སྒོར་དུང་ཕྱུར་1.3བཏང་ནས་གཞི་རིམ་ཁྱད་ལྡན་ཆེད་ཚན་དང་། གཞི་རིམ་གྱི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་། གཞི་རིམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་རྐང་འཛིན་གསོ་སྦྱོང་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཡོད།
         བོད་ལུགས་གསོ་རིག་དང་བོད་སྨན་ལ་ལོ་ངོ་3800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས་ཀྲུང་ལུགས་གསོ་རིག་དང་། གནའ་བོའི་རྒྱ་གར་གསོ་རིག གནའ་བོའི་ཨ་རབ་གསོ་རིགས་བཅས་དང་མཉམ་དུ “འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེ་གྲས་བཞི” ཞེས་བརྗོད་ཀྱི་ཡོད། མིག་སྔར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བཅོས་ཐབས་དང་ལག་རྩལ་ནུས་15རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།