འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་རྒྱའི་ཡིད་རྟོན་དངུལ་བུན་གྱི་ལས་སྟེགས་ཀྱིས་སློབ་གྲྭའི་བུན་གཏོང་དང་དངུལ་སྨར་བུན་
    གཏོང་ལ་གཙོ་གནད་དག་ཐེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཉེ་དུས་དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་《དངུལ་ཁང་ལས་རིགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཀྲུང་གོ་དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་ནས་ཡིད་རྟོན་ཉེན་ཁ་དོ་དམ་ཚོད་འཛིན་དང་། ས་ཁང་བདག་ཁོངས་ཁྱབ་ཁོངས་ཀྱི་ཉེན་ཁ། ས་གནས་སྲིད་གཞུང་གི་བུ་ལོན་ཆིངས་འགལ་ཉེན་ཁ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་ཉེན་ཁ་ཕུད། བུན་འཛིན་འགྱུར་བའི་ཉེན་ཁ་དང་། དངུལ་རྩའི་ཐོན་རྫས་སྣོལ་འཛིང་གི་ཉེན་ཁ། དྲ་སྦྲེལ་དངུལ་རྩའི་ཉེན་ཁ། ཕྱི་ཕྱོགས་ཀྱི་རྡབ་རྡེག་ཉེན་ཁ་སོགས་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་ཉེན་ཁ་གཙོ་གནད་སྔོན་འགོག་ཚོད་འཛིན་དང་། གཙོ་གནད་ཉེན་ཁ་ཁག་གཅིག་ཐག་གཅོད་ཏན་ཏིག ཉེན་ཁའི་མངོན་མེད་རྐྱེན་ངན་ཁག་གཅིག་མེད་པར་བཟོ་བ་བཅས་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་ཡོད།
         དངུལ་ཁང་གི་རྒྱུ་ནོར་བདག་གཉེར་དང་ཚབ་ཚོང་ལས་སྒོར་དམིགས་ནས་《མཛུབ་ཁྲིད་བསམ་འཆར་》ནང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རྒྱུ་ནོར་བདག་གཉེར་གྱི་ཐོན་རྫས་དང་མ་རྩ་བཏང་བའི་རྒྱུ་ནོར་གཅིག་མཚུངས་ཡོང་བའི་འགན་ལེན་བྱས་ནས་ཁེར་རྐྱང་ངང་དོ་དམ་དང་། རྩིས་ཁྲ་བཟོ་བ། ཞིབ་རྩིས་རྒྱག་པ་བཅས་བྱེད་དགོས། ཁེ་སྣོན་འགྲེམས་ཚོང་དང་། མཉམ་འདྲེས་གཉེར་སྐྱོང་། དུས་བཅད་ཉུང་གཏོང་། ལོགས་དབྱེའི་བཅད་གོང་བཅས་མ་དངུལ་མཛོད་ཀྱི་རྒྱུ་ནོར་བདག་གཉེར་ལས་སྒོ་སྤེལ་མི་ཆོག་པ། རང་གཉེར་ལས་སྒོ་དང་མགྲོན་ཚབ་ལས་སྒོ་ལོགས་སུ་དབྱེ་དགོས། རྒྱུ་ནོར་བདག་གཉེར་ཐོན་རྫས་དབར་དང་རྒྱུ་ནོར་བདག་གཉེར་གྱི་ཚོང་ཤག་དབར་རམ་ཡང་ན་རྒྱུ་ནོར་བདག་གཉེར་གྱི་ཐོན་རྫས་ཚོང་ཤག་དང་བྱེད་པོ་གཞན་དབར་ཁེ་ཕན་བརྒྱུད་སྤྲོད་བྱ་མི་ཆོག་པ། གཅིག་ལ་གཅིག་འགེབས་ཀྱིས་མ་འཇོག་ལ་ཚོད་འཛིན་ནན་པོ་དང་དོ་དམ་ཚགས་ཚུད་པོར་ཤུགས་སྣོན་བརྒྱབ་ནས་རྒྱུ་ནོར་བདག་གཉེར་གྱི་ལས་སྒོ་སྟབས་བདེའི་ངང་རིགས་ཁག་གི་རྒྱུ་ནོར་དོ་དམ་ཐོན་རྫས་ཀྱི་མ་དངུལ་སློང་བསྡུའི་ཐབས་ལམ་དུ་བརྩི་མི་ཆོག་པ། འདེགས་ཤིང་ཚོད་འཛིན་ནན་པོ་བྱས་ནས་དངུལ་རྩའི་མ་ལག་གི་མ་དངུལ་འཁོར་རྒྱུག་ལ་དོགས་ཟོན་བྱས་ཏེ་རང་ཡོད་མ་དངུལ་གྱིས་དངུལ་ཁང་དེས་འགྲེམས་སྤེལ་བྱས་པའི་རྒྱུ་ནོར་བདག་གཉེར་ཐོན་རྫས་ཉོ་མི་ཆོག་པའི་བླང་བྱ་བཏོན་ཡོད།
        མི་རྣམས་ཀྱིས་དོ་ཁུར་བྱེད་པའི་དྲ་སྦྲེལ་བུན་གཏོང་ལས་སྟེགས་ཁྱབ་ཁོངས་སུ་སློབ་གྲྭའི་བུན་གཏོང་དང་དངུལ་སྨར་བུན་གཏོང་དག་ཐེར་གྱི་གཙོ་གནད་དུ་གྱུར་ཡོད། 《མཛུབ་ཁྲིད་བསམ་འཆར་》ནང་སློབ་གྲྭའི་དྲ་རྒྱའི་ཡིད་རྟོན་དངུལ་བུན་གཙང་སེལ་དང་དག་ཐེར་གྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་པ་དང་། དྲ་རྒྱའི་བུན་གཏོང་ཆ་འཕྲིན་གྱི་མཚམས་སྦྱོར་སྒྲིག་གཞིས་བུན་འཇལ་ནུས་པ་མེད་པའི་བུན་ལེན་མཁན་གཉེར་ཚོང་ཁྱབ་ཁོངས་སུ་འཇུག་མི་ཆོག་པ། ལོ་18ལ་སླེབས་མེད་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མར་དྲ་རྒྱའི་བུན་གཏོང་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་པ། རྫུན་བཟོ་དང་གཡོ་ཁྲམ་ངང་དྲིལ་བསྒྲགས་དང་བྲིན་ཚོང་བྱ་མི་ཆོག་པ། བྱེད་སྟངས་སྣ་ཚོགས་སྤྱད་དེ་སྐྱེད་ཆེའི་བུ་ལོན་བཏང་མི་ཆོག་པ། “དངུལ་སྨར་བུན་གཏོང”གི་ལས་སྒོའི་བྱེད་སྒོ་གཙང་སེལ་དང་དག་ཐེར་ལས་དོན་ཡག་པོ་བསྒྲུབས་ནས་དངུལ་བུན་གཏོང་མཁན་གྱི་དངུལ་ཁུངས་ཁྲིམས་མཐུན་ཡིན་པའི་འགན་ལེན་དང་གཡོ་ཁྲམ་དང་རྫུན་བཟོའི་དྲིལ་བསྒྲགས་བྱ་མི་ཆོག་པ་དང་ཁྲིམས་འགལ་ངང་སྐྱེད་ཆེའི་བུ་ལོན་གཏོང་བ་དང་དྲག་ཤུགས་ངང་བསྡུ་སྐུལ་བྱ་མི་ཆོག་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།