འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་བུ་མོ་མཱ་ལི་ཡ་དང་གནམ་གྲུའི་དབར་གྱི་ལས་དབང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་རིགས་བུ་མོ་མཱ་ལི་ཡ་དང་གནམ་གྲུའི་དབར་གྱི་ལས་དབང་།
         མི་དམངས་དྲ་བའི་འཕྲིན། 2007ལོར་བོད་རིགས་བུ་མོ་མཱ་ལི་ཡ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་གི་སློབ་ཆེན་ལོ་རིམ་དང་པོར་སློབ་སྦྱོང་བྱེད་བཞིན་ཡོད། ངས་མཁའ་འགྲུལ་ཞབས་ཞུའི་ཆེད་ལས་དེ་མཁའ་འགྲུལ་འཕྲུལ་ཆས་སྒྲིག་ཆས་ཉམས་བཟོ་ཆེད་ལས་ལ་སྒྱུར་བསམ་ཡང་། གྲོགས་པོ་གྲོགས་མོ་ཚོས་རང་ག་རེ་བསམ་གྱི་འདུག་གམ་ཞེས་བརྗོད་བྱུང་ཞེས་བཤད།
        འཕྲུལ་ཆས་ཉམས་བཟོའི་ཆེད་ལས་དེ་བདམས་ན། སློབ་གྲྭ་ཐོན་རྗེས་གནམ་གྲུ་ཉམས་བཟོ་བྱེད་མཁན་ཞིག་བྱེད་རྒྱུ་རེད། དེ་ནི་ཤེད་ཤུགས་འདོན་དགོས་པའི་ལག་རྩལ་གྱི་ལས་ཀ་ཞིག་ཡིན་པས། ལས་ཀ་དེ་བྱེད་མཁན་མང་ཆེ་བ་སྐྱེས་པ་ཤ་སྟག་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། གོ་ལ་ཧྲིལ་པོའི་མཁའ་འགྲུལ་འཕྲུལ་ཆས་བཟོ་བཀོད་པ་ལྔ་བཅུའི་ནང་བུད་མེད་གཅིག་ལས་མེད།
        “གནམ་གྲུ་ཉམས་བཟོ་བྱེད་མཁན་བུད་མེད་ཧ་ཅང་ཉུང་བས། ངས་ཚོད་ལྟ་བྱས་ན་མི་འགྲིག་པ་གང་ཡོད་དམ”ཞེས་མཱ་ལི་ཡའི་སེམས་ནང་ཕུགས་བསམ་དེ་བརྟན་པོ་བཙུགས།
         མཱ་ལི་ཡ་ནི་ཕུགས་བསམ་ཆེན་པོ་ལྡན་པའི་བུ་མོ་ཞིག་རེད། འདི་ལོ་ལོ་སུམ་ཅུར་སླེབས་པའི་ཁོང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་དུད་ཚང་ཞིག་ཏུ་སྐྱེས་པ་དང་བྱིས་པའི་དུས་ཕྲུ་གུ་བུ་དང་མཉམ་དུ་སྤོ་ལོ་ཐང་དུ་སྤོ་ལོ་རྩེད་ནས་སྡོད་ཀྱི་ཡོད།
         “རང་གིས་རྩེད་བའི་རྩེད་མོ་ཚང་མ་ནི་ཕྲུ་གུ་བུ་ཚོས་དགའ་པོ་བྱེད་པའི་རྩེད་མོ་ཤ་སྟག་རེད། རང་བུ་མོ་འདྲ་པོ་འདུག་གམ”ཞེས་ཨ་མས་དེ་སྔ་རྒྱུན་དུ་ཤོད་མྱོང་བའི་སྐད་ཆ་དག་དྲན་གསོ་བྱས།
          མཐོ་རྒྱུགས་སྐབས་ཨ་མས་ཁོ་མོ་བོད་ཀྱི་དགེ་འོས་སློབ་གྲྭའམ་ཡང་ན་གསོ་རིག་སློབ་གླིང་དུ་ཚུད་ན་བསམ། འོན་ཀྱང་རང་ཉིད་མཁའ་འགྲུལ་བྱ་གཞག་ལ་དགའ་བའི་རྐྱེན་གྱིས“མཁའ་འགྲུལ་ལས་རིགས་དེ་ཧ་ཅང་སྤོབས་པ་བྱེད་འོས་པ་ཞིག་ཡིན”སྙམ་གྱི་ཡོད།
         རང་གི་འདོད་བློ་ལྟར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་དུ་ཚུད་རྗེས། མཐོ་རིམ་སློབ་འབྲིང་གི་རིག་གནས་ཚན་ཁག་ཏུ་སློབ་སྦྱོང་བྱེད་མཁན་མཱ་ལི་ཡས་གནམ་གྲུ་ཉམས་བཟོའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཚན་ཁག་དེར་བརྩོན།
         ཁོང་ཚོའི་འཛིན་གྲྭའི་ནང་སློབ་མ་40ལྷག་ཙམ་ཡོད་པའི་ནང་བུ་མོ་བཞི་ལས་མེད། མཱ་ལི་ཡས་སློབ་གྲོགས་བུ་ཚོ་དང་མཉམ་དུ་ཚ་ལ་རྒྱག་པ་དང་ཉེན་སེལ་ཞུ་སྐུད་དཀྲིས་པ་སོགས་བྱེད་ཀྱི་ཡོད་པས་ལག་པར་རྨ་ཡང་སེ་བཟོ་གི་ཡོད། འོན་ཀྱང་ཁོང་གིས“ངའི་བློ་ལ་ཡོད་པའི་ལས་ཀ་དེ་འགོ་ནས་བྱེད་དགོས་ཀྱང་མཐའ་འཁྱོལ་བ་ཞིག་བྱ་རྒྱུའི”བསམ་བློ་བརྟན་པོ་བཙུགས།
         2010ལོར་མཱ་ལི་ཡ་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་སླེབས་ནས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ཁུལ་གྱི་འཐབ་ཕྱོགས་དང་པོའི་གནམ་གྲུ་ཉམས་བཟོ་བྱེད་མཁན་ཞིག་ཏུ་འགྱུར།
         “ཐོག་མར་རོགས་པ་ལ་ལས་ལས་སྒྱུར་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་བྱུང”ཞེས་མཱ་ལི་ཡས་དེ་ལྟར་བཤད། ཁོང་གི་ཕ་མ་གནམ་གྲུར་སྡོད་རིམ་བཞིན་གནམ་ཐང་དུ་ལས་ཀ་བྱེད་མཁན་ཚང་མ་བྲེལ་བ་ཆེན་པོ་ཡོད་པ་མཐོང་སྐབས“ལས་ཀ་དེ་སྐྱེས་པ་ཚོས་བྱེད་པའི་ལས་ཀ་རེད། ང་ཚོའི་བུ་མོས་ལས་ཀ་དེ་བྱེད་ཐུབ་བམ”ཞེས་ཤོད་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
         ཁོང་གིས“ང་རང་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། སྐྱོན་ཤོར་བའི་གནམ་གྲུ་བཟོ་ཐུབ་པ་དང་གནམ་གྲུ་ནམ་མཁར་བདེ་འཇགས་ངང་འཕུར་བ་མཐོང་སྐབས་སེམས་ནང་བརྗོད་མི་ཤེས་པའི་དགའ་སྣང་ཞིག་སྐྱེ་གི་འདུག”ཅེས་བརྗོད།
         ལས་རིགས་ལ་དགའ་ཞེན་ཆེན་པོ་ཡོད་ཙང་། ཁོང་གིས་ལས་གནས་ཐོག་བྱས་རྗེས་ཡང་ཡང་བཞག་པས་ལས་རོགས་རྣམས་ཧང་སངས་བར་གྱུར། ཁོང་གིས་འབད་བརྩོན་བྱས་མཐར་ཁག་པོ་ཡོད་པའི་གནམ་གྲུ་ཉམས་བཟོའི་ལག་ཁྱེར་རག་ནས་འཕྲུལ་ཆས་བཟོ་འགོད་པ་ཞིག་ཏུ་གྱུར་བ་མ་ཟད། རང་སྐྱ་འཕེལ་བའི་ངང་གནམ་གྲུའི་སྐྱོན་ཚང་མ་བཟོ་ཐུབ་ཀྱི་ཡོད།
         ད་ཆ་མཱ་ལི་ཡ་ལ་ནི་ལས་རོགས་ཚོའི་མིག་ནང་“ཨ་ཅག་མཱ་ལགས”དང“བུད་མེད་འཇོན་ཐང་ཅན”ཞིག་ཡིན་ལ་ཚོགས་པའི་ནང་མེད་དུ་མི་རུང་བའི“བཞད་གད་མ”ཞིག་རེད། སྤོབས་པ་སྐྱེ་འོས་པ་ཞིག་ནི་ལོ་4ལ་སོན་པའི་ཁོང་གི་བུ་མོས་ཁོང་སེམས་ནང་གི་ཡིད་སྨོན་བྱ་ཡུལ་ཏུ་བརྩི་བ་དེ་ཡིན། བུ་བཅོལ་ཁང་གི་རྒན་ལགས་ཀྱིས་ཁོང་གི་བུ་མོར་ཕུགས་བསམ་གང་ཡོད་དམ་ཞེས་འདྲི་སྐབས། བུ་མོས་ང་ཨ་མ་ལགས་དང་འདྲ་བར་གནམ་གྲུ་ཉམས་བཟོ་བྱེད་མཁན་ཞིག་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་ཡོད། བུ་མོས་དཀའ་ཚེགས་ཆེ་བའི་ལས་རིགས་གང་ཞིག་འདམས་རུང་ངས་ངོ་རྒོལ་བྱེད་མི་སྲིད། བུ་མོའི་སྐོར་བརྗོད་སྐབས་མཱ་ལི་ཡས“ངས་ངའི་བུ་མོ་དང་དེ་བཞིན་དེ་བས་མང་བའི་བུ་མོ་ཚོར་གཞན་གྱིས་གང་ཤོད་པར་མི་བལྟོས་པར་བློ་ཁོག་ཆེན་པོས་རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་བྱ་གཞག་བདམས་དགོས་ཞེས་ཤོད་ཀྱི་ཡིན”ཞེས་བརྗོད། གོང་གི་པར་རིས་ནི་མཱ་ལི་ཡས་གནམ་གྲུར་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ་རེད།
    མཱ་ལི་ཡས་གནམ་གྲུའི་ཁ་ལོ་བའི་ཚང་དུ་ཞིབ་བཤེར་ཟིན་ཐོ་འགོད་བཞིན་པ།
    མཱ་ལི་ཡས་གནམ་གྲུའི་ཁ་ལོ་བའི་ཚང་དུ་ཞིབ་བཤེར་ཟིན་ཐོ་འགོད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།