འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རང་མོས་ཉོ་ཚོང་ཁུལ་གྱི་གནས་སྐབས་ཀྱི་ཁྲུན་གཅོད་སྒྲིག་སྲོལ་ཐོག་མ་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་《ཧང་ཆིང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གནས་སྐབས་ཁྲུན་གཅོད་སྒྲིག་སྲོལ་》ཚེས་23ཉིན་གྱི་ཕྱི་དྲོར་ཧང་ཆིང་དུ་ཡོངས་བསྒྲགས་བྱས་པ་དང་འབྲེལ། ཟླ་4ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོའི་རང་མོས་ཉོ་ཚོང་ཁུལ་གྱི་གནས་སྐབས་ཁྲུན་གཅོད་སྒྲིག་སྲོལ་ཐོག་མ་དེ་རེད།
         《གནས་སྐབས་ཁྲུན་གཅོད་སྒྲིག་སྲོལ་》ལ་ཁྱོན་ས་བཅད་8དང་དོན་ཚན་61ཡོད་པ་དེའི་ཁྲོད་གསར་གཏོད་དང་ཁྱད་ཆོས་མང་པོ་ཡོད་པ་དང་། ཧང་ཆིང་རང་མོས་ཉོ་ཚོང་ཡུག་སྦྲེལ་ཁུལ་དུ་ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་གཉེར་སྐྱོང་ཁོར་ཡུག་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། གཅིག་ནས་ལམ་ལུགས་བཟོས་པ་བརྒྱུད་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ནང་སྤེལ་བའི་གནས་སྐབས་ཁྲུན་གཅོད་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་པ་དང་། གཉིས་ནས་དོ་བདག་གི་བསམ་ཚུལ་ལྟར་རང་སྐྱོང་གང་ལེགས་མཚོན་པ་དང་། དོ་བདག་ལ་བརྒྱུད་རིམ་དོན་ཚན་ལ་རང་བདག་ཐག་གཅོད་བྱེད་པའི་དབང་ཆ་དེ་བས་མང་བ་ཡོད་པ། གསུམ་ནས་སྒྲིག་གཞི་ཞུགས་རྒྱུ་དེ་དོ་བདག་གི་རང་སྐྱོང་བསམ་ཚུལ་ལ་དགོས་ངེས་ཀྱི་ཁ་གསབ་བྱེད་པར་བརྩིས་ནས། དོ་བདག་གི་ཁ་ཆད་བྱས་པའི་གནས་སྐབས་ཁྲུན་གཅོད་ཀྱི་བསམ་ཚུལ་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་པ། བཞི་ནས་ཁྲུན་གཅོད་ཁྲིམས་རའི་རང་བདག་རང་བཞིན་དང་དབང་གྲགས་རང་བཞིན་ཤུགས་ཆེར་སོང་བ། ལྔ་ནས་གནས་སྐབས་ཁྲུན་གཅོད་ཀྱི་ཚད་ལྡན་མ་ལག་བཙུགས་མེད་པའི་གནས་ཚུལ་འོག 《གནས་སྐབས་ཁྲུན་གཅོད་སྒྲིག་སྲོལ་》ནང་སྒྲིག་གཞི་ཞུགས་པ་བརྒྱུད་ཁྲུན་གཅོད་ཁྲིམས་རའི་ལམ་ལུགས་ལ་ཚོད་འཛིན་བྱས་ཏེ། གནས་སྐབས་ཁྲུན་གཅོད་ཀྱི་གཞུང་དྲང་རང་བཞིན་འགན་ལེན་བྱེད་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།