འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དུ་ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་ཚད་བཅུ་ཆ་བཞི་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འགུལ་རྣམ་ཆ་འཕྲིན་དུས་ཐོག་ཏུ་བསྐུར་བར་བརྟེན་སི་ཁྲོན་དུ་སྨན་པ་དང་གན་རྒྱ་འཇོག་པའི་ཞབས་ཞུ་དེ་མི་གཤིས་ཅན་དང་གནད་སྨིན་ཅན་དུ་གྱུར་ཅིང་། མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་ཚད་40%ཟིན་པ་རེད།
         གཞི་རིམ་སྨན་བཅོས་སྒྲིག་གཞི་དོ་དམ་གྱི་ཆ་འཕྲིན་མ་ལག་ལ་བརྟེན་ནས་སི་ཁྲོན་གྱིས་གཞི་རིམ་འཕྲོད་བསྟེན་ཆ་འཕྲིན་མ་ལག་མཉེན་ཆས་བཀོད་སྒྲིག་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། མིག་སྔར་གཞི་རིམ་འཕྲོད་བསྟེན་ཆ་འཕྲིན་མ་ལག་ཞིང་ཆེན་དེ་ཡོངས་ཀྱི་ཆུས་དང་རྫོང་154ལ་ཁྱབ་པ་དང་། ཞིང་ལས་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མཇུག་རྩིས་མ་ལག་དང་འབྲེལ་མཐུད་ལེགས་པོ་བྱས་པ་དང་། རྨང་གཞི་དེའི་ཐོག་གྲོང་མིའི་བདེ་ཐང་ཡིག་ཚགས་གསར་བརྗེ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། རིག་ནུས་འཕྲུལ་ཆས་ལ་བརྟེན་ནས་ནད་པའི་བདེ་ཐང་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། གྲོང་མིའི་བདེ་ཐང་ཡིག་ཚགས་དེ“བེད་མེད་ཡིག་ཚགས”ནས“གོ་ཆོད་ཡིག་ཚགས”སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱིས་ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་མཁན་དབར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། འགུལ་རྣམ་གྱི་ཆ་འཕྲིན་གསར་པ་དུས་ཐོག་ཏུ་ཁྱིམ་ཚང་སྨན་པར་བསྐུར་ནས་གན་འཇོག་ཞབས་ཞུ་དེ་མི་གཤིས་ཅན་དང་གནད་སྨིན་ཅན་དུ་འགྱུར་བ་བྱས་པ་རེད། མིག་སྔར་ཞིང་ཆེན་དེ་ཡོངས་སུ་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་ཚད་40%ཟིན་པ་དང་གཙོ་གནད་མི་ཚོགས་དང་གན་རྒྱ་བཞག་ཚད་60%ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།