འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་
    འདེད་ཤུགས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་
འདེད་ཤུགས་ཆེན་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོན་དངུལ་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་བོད་རིགས་ས་ཁུལ་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་བཏོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་སྲིད་ཇུས་དང་མ་དངུལ་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། གོང་གི་པར་རིས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཚན་ཁག་གི་དགེ་རྒན་ཀླུ་བྱམས་རྒྱལ་(གཡོན་གྱི་དང་པོ་)གྱིས་སློབ་མ་ཚོར་ཐང་ག་འབྲི་རྩལ་སློབ་པའི་གནས་ཚུལ་ཡིན་པ་རེད།
    ལས་རིགས་ལག་རྩལ་སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཚན་ཁག་གི་སློབ་མ་ཀུན་སྐྱིད་ཀྱིས་རང་ཉིད་ཀྱིས་བརྩེམས་པའི་འཚེམ་དྲུབ་སྟོན་པ།
    ལས་རིགས་ལག་རྩལ་སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཚན་ཁག་གི་སློབ་མ་ཀུན་སྐྱིད་ཀྱིས་རང་ཉིད་ཀྱིས་བརྩེམས་པའི་འཚེམ་དྲུབ་སྟོན་པ།
      

    ཕྱོགས་བསྡུས་གསར་འགྱུར།