འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲོད་བསྟེན་གཙོ་གཉེར་སྡེ་ཚན་གྱིས་འདུས་འདྲིལ་གཅོང་ནད་མཉམ་འགོག་མཉམ་
    བཅོས་བྱ་རྒྱུའི་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་ཀྱི་ཁུར་པོ་ལྕི་བའི་རྒྱལ་ཁབ་30ཡི་གྲས་ཤིག་ཡིན་པ་དང་། ལོ་ལྟར་འདུས་འདྲིལ་གཅོང་ནད་ཕོག་མཁན་ཁྲི་90ཙམ་མང་དུ་འགྲོ་ཡི་ཡོད། ཚེས་24ཉིན་ནི་འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོ་ཐེངས་22པ་དེ་ཡིན་ཞིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་འདུས་འདྲིལ་གཅོང་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་ལ་མུ་མཐུད་སྐུལ་མ་གཏོང་བ་དང་། འགོག་བཅོས་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་འདྲ་མཉམ་དང་རྒྱུན་མཐུད་ཀྱི་སྔོན་འགོག་དང་། སྨན་བཅོས། བདེ་ཐང་སླར་གསོ་སོགས་ཀྱི་འགོག་བཅོས་ཞབས་ཞུ་སྤྱོད་ཐུབ་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།