འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཐེམ་ཐོ་མེད་པའི་མི་ཁྲི་
    1395ཡི་ཐེམ་ཐོའི་གནད་དོན་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཐེམ་ཐོ་མེད་པའི་མི་ཁྲི་1395.4ཡི་ཐེམ་ཐོའི་གནད་དོན་ཐག་གཅོད་བྱས་པས། སྤྱི་ཚོགས་ཀྱི་བྱ་གཞག་ཁྲོད་ཞུགས་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་པའི་ཐེམ་ཐོ་མེད་པའི་མི་སྣའི་ཁེ་དབང་སྔར་བས་འགན་ལེན་ཐུབ་ཡོད།
         བསྡོམས་རྩིས་ལས་མངོན་གསལ། 2016ལོའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐེམ་ཐོར་འགྱུར་ཚད་41.2%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ཐེམ་ཐོ་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་ཐེམ་ཐོ་སྤོ་བའི་སྲིད་ཇུས་ཡོངས་ཁྱབ་ངང་ལྷུག་ཏུ་ཕྱིན་ནས། ས་ཆ་ཞིག་ཏུ་སྡོད་པའི་ལོ་ཚད་སོགས་ལ་གཞིགས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་ལམ་ལུགས་སྤྱིར་ན་བཙུགས་པ་དང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་ལ་འགྱུར་རྒྱུར་འཕྲད་པའི་ལམ་ལུགས་རང་བཞིན་གྱི་དཀའ་གནད་རིམ་བཞིན་སེལ་བཞིན་ཡོད་པ་རེད།
          གཞན་ཡང་། ཕྱོགས་མིའི་ལག་ཁྱེར་གཉེར་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། 2015ལོར་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་10རུ་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པའི་ཚོད་ལྟ་བྱེད་འགོ་ཚུགས་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པའི་ལས་དོན་སྤེལ་ཏེ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་བདག་སྤྲོད་བྱ་ཡུལ་11646བཙུགས་ཏེ། ཉེ་སར་ཡུལ་མའི་ཐོབ་ཐང་ལག་ཁྱེར་གཉེར་བའི་མང་ཚོགས་ཀྱི་དགོས་མཁོ་སྤྱིར་བསྐངས་ཡོད། རྒྱལ་ཡོངས་སུ་རིམ་རྩིས་ལྟར་ན་ཡུལ་གཞན་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཁྲི་580གཉེར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།