འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“རང་སར་རྒན་གསོ་བྱ་རྒྱུ་བྱུང་ན”དགའ་བ་ལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ལོ་ལོ་79ལ་སླེབས་པའི་སིང་ཀ་ཕོར་གྱི་རྒད་པོ་ལ་ཐེ་ནན་གྱིས་ཉེ་ཆར་གྲོང་མི་ཨུ་ལྷན་དུ་ཡོང་ནས་སྡེ་ཁུལ་གྱི་ཉམས་ཞན་ཁྱིམ་ཚང་གི་ཕྲུ་གུ་ཚོར་འོས་འགན་ངང་དཔེ་དེབ་ཀློག་པ་དང་ཨང་རྩིས་ཟུར་ཁྲིད་བྱ་འདོད་ཡོད་ཅེས་བཤད། དེ་སྔ་སློབ་མའི་ཚབ་གཉེར་ལྟེ་གནས་སུ་ལས་ཀ་བྱེད་མྱོང་བའི་ལ་ཐེ་ནན་གྱིས་བཟོད་བདེ་བག་ཕེབས་ཀྱི་ལས་འཁྱུར་ངལ་གསོའི་འཚོ་བར་བློ་ཡིད་ཚིམ་ནས་མ་བསྡད་པར་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་མུ་མཐུད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འདོད་བྱེད་ཀྱི་ཡོད།
         སིང་ཀ་ཕོར་དུ་ལ་ཐེ་ནན་དང་འདྲ་བའི་རྒན་རྒོན་མང་པོ་ཞིག་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་མུ་མཐུད་ལོ་ཤས་ལས་ཀ་བྱེད་འདོད་ཡོད་ལ་མུ་མཐུད་སློབ་སྦྱོང་དང་དང་བླངས་ཞབས་ཞུའི་གོ་སྐབས་ཐོབ་རེ་བྱས་ཏེ་སྤྱི་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་པ་རེད། སིང་ཀ་ཕོར་གྱི་སྤྱི་ཚོགས་བརྟག་ཞིབ་ཆེ་གྲས་ཀྱི་འབྲས་བུ་གསར་ཤོས་ཞིག་ནང་བཅར་འདྲི་བྱ་ཡུལ་རྒན་རྒོན་བཅུ་ཆ་བརྒྱད་ཙམ་གྱིས“རང་སར་རྒན་གསོ་བྱ་རྒྱུ་ཡོང་བ་བྱས་ནས་སེམས་ཁམས་བདེ་ཐང་དང་སྤྱི་ཚོགས་དང་འབྲེལ་གཏུག་གི་འཚོ་བ་རྒྱུན་འཁྱོངས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
          རང་སར་རྒན་གསོ་ཞེས་པ་དེ་ནི་རྒན་རྒོན་ཚོ་དེ་སྔ་སྡོད་ཡུལ་གྱི་སྡེ་ཁུལ་ཉེ་འགྲམ་དུ་སྨན་བཅོས་སྒྲིག་ཆས་དང་བྱེད་སྒོ་སྤེལ་ཡུལ་མཁོ་འདོན་བྱས་ནས་རྒན་རྒོན་རྣམས་རང་ཉིད་ཀྱིས་རྒྱུས་མངའ་ཡོད་པའི་འཚོ་བའི་ཁོར་ཡུག་ཁྲོད་ཚེ་མཇུག་བདེ་ལ་རོལ་རྒྱུ་དེ་རེད། སྲོལ་རྒྱུན་གྱི་རྒན་རྒོན་ལས་ཤག་དང་རྒན་གསོ་ཁང་སོགས་སྒྲིག་གཞིས་རྟག་ཏུ་རྒན་རྒོན་ཉུང་ཤས་ཤིག་གི་དགོས་མཁོ་སྐོང་ཆེད་ཇུས་འགོད་བྱེད་པ་དང་ཕལ་ཆེ་བ་གྲོང་ཁྱེར་ཉེ་འདབས་སུ་གནས་སྟབས་དེའི་ནང་སྡོད་པའི་རྒན་རྒོན་ཚོ་སྤྱི་ཚོགས་དང་ཁ་བྲལ་བ་དང་སེམས་ནང་ཡུལ་པོ་ཡོད་པ་རེད། དེས་ན་སྲོལ་རྒྱུན་གྱི་སྡེ་ཁུལ་མང་ཆེ་བའི་བྱེད་སྒོ་སྤེལ་ཡུལ་དང་སྨན་བཅོས་ཞབས་ཞུ་བྱ་ཡུལ་དེ་རྒན་རྒོན་གྱི་སེམས་ཁམས་ལ་བསྟུན་གྱི་མེད་སྟབས་བུ་ཕྲུག་གམ་དུ་མེད་པའི་རྒན་རྒོན་གྱི་སེམས་ནང་སྐྱོ་སྣང་སྐྱེ་གི་ཡོད་པ་རེད།
         སིང་ཀ་ཕོར་གྱིས་གཉེན་ཉེའི་དབར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ་རྒན་རྒོན་ཚོ་རྒན་གསོ་ཁང་དུ་སྤོས་རྗེས་སེམས་ནང་སྔར་བཞིན་སྤྲོ་སྣང་ལྡན་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། སིང་ཀ་ཕོར་སྲིད་གཞུང་གིས་ད་ཕན་ལོ་ཤས་རིང་རང་སར་རྒན་གསོ་བྱ་རྒྱུའི་ཐད་མཐོང་ཆེན་བྱེད་པ་དང་སིང་ཀ་ཕོར་དུ་རྒན་གསོའི་སྒྲིག་གཞིའི་དཔལ་འབྱོར་གཞི་ཁྱོན་མངོན་འགྱུར་བྱེད་དཀའ་བ་དང་ཀྲུང་དབྱང་གི་སྤྱི་གསོག་མ་དངུལ་གྱིས་ཀྱང་རྒན་རྒོན་གྱི་འགྲོ་གྲོན་མཐོ་པོ་འགན་འཁུར་ཐབས་མེད་པ་སོགས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བསམ་གཞིག་བྱས་ཡོད། དོན་དངོས་ཐོག་རང་སར་རྒན་གསོ་བྱ་རྒྱུ་དེ་སིང་ཀ་ཕོར་འཚམ་པ་མ་ཟད། ཁྱིམ་ཚང་དང་སྡེ་ཁུལ་ལ་གཏོགས་སེམས་དང་མི་དང་མིའི་དབར་གྱི་འབྲེལ་བ་ཟབ་ཏུ་སོང་སྟབས་དཔེ་དབྱིབས་དེ་རྒན་གསོའི་ཐོན་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དག་ཏུའང་དར་བཟོ་བྱེད་ཀྱི་ཡོད།
         ཨ་རིར་དུས་རབས་གོང་མའི་ལོ་རབས་60ནས་90བར་གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་རྒན་གསོའི་སྡེ་ཁུལ་བཙུགས་མོད། འོན་ཀྱང་གཅིག་སྡུད་ཐོག་འཚོ་སྡོད་བྱེད་པ་དེས་རྒན་རྒོན་གྱི་སྔར་ཡོད་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་སོང་ནས་གྲོགས་མེད་ཁེར་རྐྱང་གི་ཚོར་སྣང་ཆེན་པོ་ཡོང་གི་ཡོད། ཞིབ་འཇུག་བྱས་པའི་ནང་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་དེ་ནི་ཤ་རྒྱགས་པ་ཆགས་པ་ལས་ཀྱང་བདེ་ཐང་ལ་གནོད་འཚེ་དེ་བས་ཆེ་བ་ཡོད་པ་གསལ་བཤད་ཐུབ་ཡོད། ཁོ་ལོམ་པི་ཡ་སློབ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གིས་དེ་སྔ་ཉིའུ་གཡོད་ཀྱི་ཡོང་འབབ་དམའ་བའི་གྲོང་ཁུལ་དུ་ཚོད་ལྟ་བྱས་ཏེ་རྒན་རྒོན་སྒྲིག་འཛུགས་བྱས་ནས་སློབ་གྲྭར་ཡོང་སྟེ་དགེ་རྒན་ལ་གཞོགས་འདེགས་ཀྱིས་སློབ་མར་ཟུར་ཁྲིད་བྱེད་དུ་བཅུག་པས་རྒན་རྒོན་ཚོའི་བདེ་ཐང་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་ཤེས་རྟོགས་ཐུབ་པ་རེད། ད་ཆ་ཨ་རིའི་སྤྱི་པའི་སྡོད་ཁང་དཀྱུས་མ་ཁ་ཤས་སུ་རྒན་རྒོན་གྱི་སྤྲོ་སྐྱིད་ཁང་བཙུགས་ཏེ་རྒན་རྒོན་དང་ལོ་ཚད་མི་འདྲ་བའི་མི་ཚོགས་འབྲེལ་གཏུག་བྱེད་དུ་འཇུག་པ་དང་སློབ་གྲྭའི་ཁོངས་གཏོགས་ཀྱི་ལས་འཁྱུར་ངལ་གསོའི་སྡེ་ཁུལ་གྱི་རྒན་གསོའི་དཔེ་དབྱིབས་ཀྱིས་རྒན་རྒོན་ཚོ་སློབ་ཆེན་གྱི་ཉེ་འགྲམ་དུ་བཀོད་སྒྲིག་བྱས་པ་དང་སློབ་གྲྭས་རྒན་རྒོན་ཚོར་ཚེ་གང་སློབ་གསོའི་སློབ་ཚན་འཁྲིད་དེ་ཁོང་ཚོའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་པ་རེད།
         དུས་རབས་གོང་མའི་ལོ་རབས་70པར་ན་རྒན་ཅན་གྱི་སྤྱི་ཚོགས་འཆར་བའི་རི་པིན་གྱིས་ཀྱང་རྒན་གསོའི་སྒྲིག་གཞིས་ཕུལ་བྱུང་གི་སྨན་བཅོས་ཆ་རྐྱེན་བསྐྲུན་ཐུབ་མོད། འོན་ཀྱང་རྒན་རྒོན་ཁྱིམ་ལས་ཁ་བྲལ་བའི་སྐྱོ་སྣང་སེལ་མི་ཐུབ་པར་སྒྲིག་གཞིའི་རྒན་གསོའི་རྒན་རྒོན་འཆི་ཚད་དེ་རང་སར་རྒན་གསོ་བྱེད་པ་ལས་མངོན་གསལ་དོད་པོས་མང་བ་ཡོད་པ་རིམ་བཞིན་ཤེས་རྟོགས་ཐུབ་པ་རེད། དེར་བརྟེན་རི་པིན་གྱིས་སྡེ་ཁུལ་ནང་ནུས་པ་མང་བ་དང་གཞི་ཁྱོན་ཆུང་བའི་ཉིན་མོའི་ལྟ་རྟོག་ལྟེ་གནས་བཙུགས་ཏེ་རྒན་རྒོན་ཚོར་རང་ཉིད་ཀྱི་རྒྱུས་མངའ་ཡོད་པའི་སྡེ་ཁུལ་དུ་ཉིན་བཅོལ་བ་དང་། ཁྱིམ་དུ་ཡོང་ནས་གཡོག་བྱེད་པ། དུས་ཐུང་སྡོད་པ། ཡུན་རིང་ལུས་གསོ་སོགས“གཅིག་འཐུས་རྣམ་པའི”ཞབས་ཞུ་བྱེད་ཀྱི་ཡོད་པ་རེད།
         གོ་ལ་ཧྲིལ་པོར་ན་རྒན་ཅན་གྱི་སྤྱི་ཚོགས་མགྱོགས་མྱུར་འཆར་བཞིན་ཡོད་པས། འབྱུང་འགྱུར་རང་སར་རྒན་གསོ་བྱ་རྒྱུ་དེས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་སྲིད།
      

    ཕྱོགས་བསྡུས་གསར་འགྱུར།