འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་མཚོ་སྔོན་ཞིང་ཆེན་གྱི་སྦྲག་སྲིད་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་4ལྷག་
    ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2016ལོར་མཚོ་སྔོན་ཞིང་ཆེན་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་གྱི་གནས་ཚུལ་ལ་གཞིགས་ན། ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྦྲག་ཏར་ལས་རིགས་མུ་མཐུད་འཕེལ་རྒྱས་མྱུར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་མཚོན་ཡོད། 2016ལོར་ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་4.83ཟིན་ནས་དུས་མཚུངས་ལས་29.67%འཕར་བ་དང་། ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་6.55ཟིན་ནས་དུས་མཚུངས་ལས་29.83%འཕར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་གློག་འཕྲིན་ལས་སྒོ་དར་འཕེལ་འགྲོ་བའི་དགོས་མཁོ་དང་སྦྲགས་འཕར་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་ཀྱིས་དྲ་ཚིགས་25ཉམས་གསོ་དང་། དྲ་ཚིགས་4གསར་བཟོ། རྫོང་དང་ཅུས་ཀྱི་ཉེན་ཡོད་དང་རྙིང་ཧྲུལ་གྱི་ཁང་པ་4སྒྱུར་བཀོད་བཅས་བྱས་པ་དང་། ཟི་ལིང་ནས་གཏེར་ལེན་ཁ་དང་། ཡུལ་ཤུལ། གོར་མོ་བཅས་ཞིང་ཆེན་ནང་ཁུལ་གྱི་ཡན་ལག་ལམ་བུ་3དང་འགྲུལ་སྐྱེལ་དུས་གཏན་གནམ་གྲུར་སྦྲག་བསྐུར་དང་མྱུར་སྐྱེལ་ཐུམ་སྒྲིལ་དབོར་འདྲེན་བྱས་པས་མཚོ་སྔོན་ཞིང་ཆེན་དུ་མཁའ་འགྲུལ་སྦྲག་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། སྦྲག་སྲིད་ལས་རིགས་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མཉམ་འདྲེས་སྔར་བས་གཏིང་ཟབ་བྱས་པ་དང་ཆབས་ཅིག “སྦྲག་སྲིད་དང་དྲ་ཐོག་ཚོང་དོན”ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་30དང་མྱུར་སྐྱེལ་དྲ་ཚིགས་430ཟིན་ནས་དུས་མཚུངས་ལས་27.6%འཕར་ཡོད་པ་རེད། ཞིང་ཆེན་ཡོངས་སུ་ལས་ཞུགས་མི་སྣ་3315ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་ཁྱོན་མི་ཐེངས་2629ལ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ལྟ་སྐུལ་ཞིབ་བཤེར་བྱས་པ། གཉེར་སྐྱོང་ཁུལ་815ལ་ཞིབ་བཤེར་བྱས་པ། མི་ཐེངས་2080ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་བྱས་པ་དང་། ཚན་པ་2063ལ་ཞིབ་བཤེར། ཁྲིམས་འགལ་བྱེད་སྤྱོད་494ཞིབ་བཤེར་ཐག་གཅོད་བཅས་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་Xའོད་ཀྱི་གློག་པར་འཕྲུལ་ཆས་རིམ་བཞིན་མང་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་དབར་གྱི་ཁག་བགོས་ལྟེ་གནས་17དུ་བདེ་འཇགས་ཞིབ་བཤེར་འཕྲུལ་ཆས་བསྒར་བ་དང་ཞིང་ཆེན་ནས་གཞན་དུ་དབོར་བའི་མྱུར་སྐྱེལ་ཐུམ་སྒྲིལ་ཚང་མ་འཕྲུལ་ཆས་ཀྱི་བདེ་འཇགས་ཞིབ་བཤེར་ཐུབ་ནས་སྦྲག་བསྐུར་བགྲོད་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།