འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནི་ཀྲེར་ཛ་དྲག་ངང་འབྲུ་རིགས་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་རྩིས་སྤྲོད་
    རྩིས་ལེན་མཛད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་ཀྲུང་གོ་སྲིད་གཞུང་གིས་ནི་ཀྲེར་ཛ་དྲག་ངང་འབྲུ་རིགས་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་རྒྱལ་ས་ནི་ཡ་མེར་གཉེར་བ་དང་ནི་ཀྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ལི་ཅུན་དང་ནི་ཀྲེའི་ཕྱི་འབྲེལ་པུའུ་ཀྲང་དབྱི་པོ་ལ་ཤིན·ཡ་ཀེ་པུས་ཐུན་མོང་ཐོག་རྩིས་སྤྲོད་རྩིས་ལེན་གྱི་དཔང་ཡིག་ཐོག་མིང་རྟགས་བཀོད་པ་རེད།
         ནི་ཀྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རོགས་སྐྱོར་བྱས་པའི་འབྲས་ཏུན་5547དེ་ནི་ཀྲེའི་ཁུལ་ཆེ་གྲས་བརྒྱད་ཀྱི་དུད་ཚང་ཁྲི་ལྔ་ལྷག་ཙམ་ལ་བགོས་ཏེ་མང་ཚོགས་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།
        ཀྲང་ལི་ཅུན་གྱིས་ནི་ཀྲེར་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྫ་དྲག་ངང་འབྲུ་རིགས་རོགས་སྐྱོར་བྱ་རྒྱུའི་རེ་བ་བཏོན་རྗེས་ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་འཕྲལ་མར་བྱ་སྤྱོད་ཧུར་ཐག་སྤེལ་བ་དེ་ཐོག་ནས་རྒྱལ་ཁབ་གཉིས་དབར་གྱི་ལྷད་མེད་མཛའ་གྲོགས་གང་ལེགས་མཚོན་ཡོད་ཅེས་བཤད།
         ཡ་ཀེ་པུས་ནི་ཀྲེར་ཕྱོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་རེ་བ་ལ་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་དུ་དང་ལེན་བྱས་པ་དང་འབྲེལ་རོགས་སྐྱོར་གནང་བར་ནི་ཀྲེར་སྲིད་གཞུང་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
         ས་ཧ་ལ་བྱེ་ཐང་ལྷོ་རྒྱུད་དུ་གནས་པའི་ནི་ཀྲེར་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་དེར་མི་ཁྲི་2000ཡང་མེད། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གི་2016ལོའི་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། ནི་ཀྲེར་གྱི་མི་ཁྲི་210ཙམ་ལ་འབྲུ་རིགས་ཐད་བདེ་འཇགས་མིན་པའམ་ཡང་ན་འཚོ་བཅུད་མི་འདང་བའི་གནས་སུ་གྱར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།