འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འགོ་ནད་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་ཚད་བརྒལ་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་རྒྱལ་ཁབ་ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་བྱེད་སྒོ་ཡིན་པའི་འགོ་ནད་འགོག་བཅོས་ཀྱི་ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན“འཕྲལ་སྡོམ་མ་ལག་འཛུགས་སྐྱོང་གི་གྲུབ་འབྲས”སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚན་རྩལ་པུའུ་རུ་འཚོགས་ཤིང་། ཆེད་དམིགས་རྣམ་གྲངས་ལག་རྩལ་གྱི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་དང་ཡོན་ཧྲི་ཞུས་ཅན་གོས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་འགོ་ནད་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་ཐོབ་པའི་ཚད་བརྒལ་ཆེན་པོ་ངོ་སྤྲོད་བྱས་པ་རེད།
          གཅིག་ནས་རྒྱལ་ཁབ་ཀྱི་སྔོན་ཐོན་ཆུ་ཚད་ཀྱི་ནད་གཞི་གསེས་བཤེར་གསལ་འབྱེད་ལག་རྩལ་མ་ལག་བསྐྲུན་ཞིང་། ཆུ་ཚོད་72ནང་ཚུན་དུ་ཤེས་རྟོགས་ཐུབ་པའི་ནད་གཞི་རིགས་300གསལ་འབྱེད་ཐུབ་པའི་ཞིབ་དཔྱད་ལག་རྩལ་མ་ལག་དང་དེ་བཞིན་ཤེས་རྟོགས་མི་ཐུབ་པའི་ནད་གཞི་གསེས་བཤེར་ལག་རྩལ་མ་ལག་རགས་ཙམ་བསྐྲུན་ནས་ནད་གཞི་གསར་པ་ངོས་འཛིན་གསལ་འབྱེད་ནུས་པ་ཆགས་པ་དང་ནད་གཞི་མྱུར་དཔྱད་གསལ་འབྱེད་ཀྱི་ནུས་པ་ཆེས་ཆེར་མཐོ་རུ་སོང་ཡོད།
         གཉིས་ནས་ནད་གཞིའི་འདུས་རྡུལ་དབྱིབས་འབྱེད་ལྟ་ཞིབ་ཚད་ལེན་གྱི་ལྟེ་བའི་ལག་རྩལ་མ་ལག་ཆགས་པ།
         གསུམ་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འགོ་ནད་ནད་རྟགས་མང་པོའི་ནད་ཀྱི་འབྱུང་རྩ་མངོན་པའི་ལོ་རྒྱུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དང་ཚོད་ལྟ་ཁང་གི་དྲ་བ་བསྐྲུན་ཞིང་། ཚོད་ལྟ་ཁང་དེ་ལྟེ་བའི་ཚོད་ལྟ་ཁང་12དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ས་ཁོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་91 སྨན་ཁང་གི་ཚོད་ལྟ་ཁང་800ལྷག་ཙམ་བཅས་ལས་གྲུབ་པ་དང་དབུགས་ལམ་ལ་གཉན་ཁ་བརྒྱབ་ནས་ཚ་བ་རྒྱས་པ་དང་། བཤལ་ནད། ཚ་བ་རྒྱས་ནས་ཐོར་པ་སིབ་སིབ་ཐོན་པ། ཚ་བ་རྒྱས་ནས་ཁྲག་དོན་པ། ཀླད་པའི་གཉན་ཚད་དང་ཀླད་རྒྱའི་གཉན་ཚད་བཅས་ནད་རྟགས་ཆེན་པོ་ལྔའི་ནད་ཀྱི་འབྱུང་རྩ་མང་པོར་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།