འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པའོ་ཅི་ནས་ལན་ཀྲོའུ་བར་གྱི་ཀན་སུའུ་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་དུམ་བུར་
    སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པའོ་ཅི་ནས་ལན་ཀྲོའུ་བར་གྱི་ཀན་སུའུ་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་དུམ་བུར་
སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། CRH380AJ-0230ཡི་ཞི་མཐུན་རྟགས་ཅན་གྱི་མྱུར་བགྲོད་ཕྱོགས་བསྡུས་ཞིབ་དཔྱད་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་པའོ་ཅི་ནས་ལན་ཀྲོའུ་བར་གྱི་ཀན་སུའུ་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་དུམ་ཐོག་གཏོང་འགོ་ཚུགས་པ་དེས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གློག་སྒྱུར་ཅན་ཅུས་ཚོགས་པ་སོགས་ཚན་པས་སྐྲུན་འགན་བླངས་པའི་པའོ་ཅི་ནས་ལན་ཀྲོའུ་བར་གྱི་ཀན་སུའུ་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་དུམ་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
         པའོ་ཅི་ནས་ལན་ཀྲོའུ་བར་གྱི་ཀན་སུའུ་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་དུམ་ནི་རྒྱལ་ཁབ་ཀྱི“འཕྲེད་བཞི་དང་གཞུང་བཞིའི”ལྕགས་ལམ་མྱུར་བགྲོད་འགྲུལ་སྐྱེལ་དྲ་བའི་ཁྲོད་ཤར་ནས་ནུབ་བར་གྱི་ལམ་དུམ་མཐའ་མ་དེ་ཡིན་ལ། ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཤིན་ཅང་། བོད་ལྗོངས་བཅས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཀྲུང་གོའི་དབུས་རྒྱུད་སྦྲེལ་བའི་འགྲུལ་ལམ་གཙོ་བོ་དེའང་ཡིན། དེའི་རིང་ཚད་ལ་སྤྱི་ལེ་400.78ཡོད་པ་དང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་250ཡིན་པ་རེད། འདི་ནི་ཟླ་3ཚེས་18ཉིན་མྱུར་བགྲོད་ཕྱོགས་བསྡུས་ཞིབ་དཔྱད་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་འཁོར་ལམ་ཐོག་སྐྱོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།