འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་བཙོན་ཁང་གི“བུད་མེད་ཁྱིམ་ཚང”ཐོག་མར་སྒོ་བྱང་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་བཙོན་ཁང་གི་བུད་མེད་བཙོན་ཁུལ་དུ་ལྗོངས་ཁྲིམས་འཛིན་ཐིང་གི་གཞོགས་འདེགས་འོག་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་བློ་ཁ་ཏང་ལ་ཕྱོགས། ཚོགས་ཆེན་བཅུ་དགུ་པ་དགའ་བས་བསུ”ཞེས་པའི་གསུམ་བརྒྱད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་ཆབས་ཅིག“བུད་མེད་ལ་དགའ་གཅེས་ཀྱི་བྱ་སྤྱོད”དེ“རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་སྤྱོད་གཙང་ཡར་སྐུལ་དང་ཉེན་ཟོན་དྲན་སྐུལ་སློབ་གསོའི་རྟེན་གཞི”དང“བུད་མེད་ཀྱི་ཁྱིམ་ཚང”ལ་སྒོ་བྱང་སྤྲོད་པའི་མཛད་སྒོ་ཞིག་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལྗོངས་ཐད་གཏོགས་ཚན་པའི་འཐུས་མི་40སྒོ་བྱང་སྤྲོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ། ཁྲིམས་ཆད་འཁུར་བཞིན་པའི་བུད་མེད་ཀྱི་སློབ་སྦྱོང་དང་། ངལ་རྩོལ། འཚོ་བ་བཅས་ཀྱི་ཁོར་ཡུག་ལ་ལྟ་སྐོར་དང་ཁོང་ཚོས་རང་རྩོམ་རང་འཁྲབ་བྱས་པའི་ལེ་ཚན་ལ་གཟིགས་པ་རེད།
         བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས“བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་སྤྱོད་གཙང་ཡར་སྐུལ་དང་ཉེན་ཟོན་དྲན་སྐུལ་སློབ་གསོའི་རྟེན་གཞིར”སྒོ་བྱང་སྤྲད་པ་དང་འབྲེལ། བཙོན་ཁུལ་གྱི་བུད་མེད་ལས་བྱེད་ཉེན་རྟོག་པར་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་རུང་གིས“བུད་མེད་ཀྱི་ཁྱིམ་ཚང”ལ་སྒོ་བྱང་སྤྲད་པ་དང་འབྲེལ་འཛུགས་སྐྲུན་དངུལ་ཡང་སྤྲད་པ། དེ་བཞིན་ཁྲིམས་ཆད་འཁུར་བཞིན་པའི་བུད་མེད་ཀྱི་འཐུས་མིར“བུད་མེད་ལ་དགའ་གཅེས་ཀྱི་སེམས་དྲོད་ཁུག་མ”ཡང་གནང་བ་རེད།
         རྒྱ་མཚོ་ལྷ་མོས“རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་སྤྱོད་གཙང་ཡར་སྐུལ་དང་ཉེན་ཟོན་དྲན་སྐུལ་སློབ་གསོའི་རྟེན་གཞིར”སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་ནི“དུས་རབས་ལ་འགྱུར་བ་གང་འདྲ་ཞིག་བྱུང་ནའང་ང་ཚོ་ཚང་མས་ཁྱིམ་ཚང་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་དགོས་ཤིང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། གཞན་ཡང“བུད་མེད་ཁྱིམ་ཚང”གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དེའང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་རྩ་འཛུགས་དག“གཡུལ་ས་བརྟན་པོ”ཞིག་དང“དྲོ་སྐྱིད་ལྡན་པའི་ཁྱིམ་ཚང”ཞིག་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།