འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས“དྲ་རྒྱ་གཙང་སེལ་2017”
    སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོའི“འཆལ་རྡུང་ལོག་སེལ”གྱི་བྱ་སྤྱོད་ཇུས་གཞི་དང་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་སུམ་ཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར་རྒྱལ་ཡོངས་ཀྱི་“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་བཀོད་སྒྲིག་བྱས་ནས་ས་ཁུལ་ཁག་ལ“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ལས་ཀའི་གཙོ་རྐང་དེར་དམིགས་ཏེ། ཟླ་བ་གསུམ་པ་ནས་བཅུ་གཅིག་བར“དྲ་རྒྱ་གཙང་སེལ་2017”དང་། “མྱུག་སྲུང་2017”“སྟོན་རླུང་2017”སོགས་ཀྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་ནན་ཏན་ངང་སྤེལ་ཏེ་ཁྱབ་ཁོངས་དང་གནས་ས་གཙོ་བོར་ལྷག་པའི་ཆགས་སྲེད་ནང་དོན་གྱི་ཆ་འཕྲིན་དང་བྱིས་པར་གནོད་སྐྱོན་ཡོད་པའི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་དང་དེ་བཞིན“རྫུས་མ་གསུམ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་གིས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རིག་གནས་ཁྲོམ་རའི་ཁོར་ཡུག་གཙང་མ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས“དྲ་རྒྱ་གཙང་སེལ་2017”གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་དྲ་རྒྱའི་ཐད་གཏོང་ལས་སྟེགས་དང་། “དཔོད་ཆུང་སྐད་འཕྲིན་དང་མཐའ་སྣེ་གཅིག” འཕྲུལ་རྩེད་བརྡ་ཆ། དྲ་རྒྱའི་རྩོམ་རིག་བརྩམས་ཆོས་བཅས་ཁྱབ་ཁོངས་བཞིར་བསྡིགས་ནས་ཆགས་སྲེད་ཀྱི་ནང་དོན་འཚོང་བ་དང་སྤེལ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་དྲ་རྒྱའི་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དུ་འཇུག་རྒྱུ་ཡིན་པ་སྟེ། གཅིག་ནས་ཁྲིམས་འགལ་སྒྲིག་འགལ་ངང་དྲ་རྒྱའི་ཐད་གཏོང་ལས་སྟེགས་ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ་དང་། གཉིས་ནས“དཔོད་ཆུང་སྐད་འཕྲིན་གཉིས་དང་མཐའ་སྣེ་གཅིག”ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ། གསུམ་ནས་ཁྲིམས་འགལ་གྱི་འཕྲུལ་རྩེད་བརྡ་ཆར་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ། བཞི་ནས་ཆགས་སྲེད་ཀྱི་ནང་དོན་ལྡན་པའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
         “མྱུག་སྲུང་2017”གྱི་བྱ་སྤྱོད་སྤེལ་ཏེ་ཕྱོགས་གཅིག་ནས་སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་རིག་གནས་ཁྲོམ་ར་དང་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་ཁོར་ཡུག་ལ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས“དཔེ་འཛར་ལྗང་ཁུ་2017”གྱི་དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་སྣེ་འཁྲིད་རྒྱུར་དམ་འཛིན་བྱ་རྒྱུ་སྟེ། གཅིག་ནས་སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་རིག་གནས་ཁྲོམ་རའི་ཁོར་ཡུག་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དང་། གཉིས་ནས་ན་སོ་དར་ལ་མ་བབས་པའི་མིར་གནོད་སྐྱོན་བཟོ་བའི་ཆ་འཕྲིན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ། གསུམ་ནས“དཔེ་འཛར་ལྗང་ཁུའི”དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་མང་ཙམ་སྤེལ་རྒྱུ་ཡིན་པ་རེད།
         “སྟོན་རླུང་2017”གྱི་བྱེད་སྒོ་སྤེལ་ཏེ་གསར་འགྱུར་ལ་བརྟེན་ནས་ཁ་བསླུས་རྒྱག་པ་དང་། གསར་འགྱུར་རྫུས་མ་སྤེལ་བ། གསར་འགོད་པ་རྫུས་མ་དོན་པ་སོགས་ལ་གཙོ་གནད་དུ་རྡུང་རྡེག་གཏོང་བ་དང་། དྲ་ཚིགས་ཀྱིས་ཁྲིམས་འགལ་ངང་བཅར་འདྲི་དང་རྩོམ་སྒྲིག་བྱེད་པ་དང་། དྲ་རྒྱའི་ཐོག་ཁྲིམས་འགལ་ངང་གསར་འགྱུར་རྩོམ་ཡིག་བརྒྱུད་བཀོད་དང་དྲ་རྒྱའི་ཚོང་དོན་ལས་སྟེགས་ཐོག་ཁྲིམས་འགལ་ངང་དཔེ་སྐྲུན་དངོས་པོ་འཚོང་བ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་གསར་འགྱུར་དཔེ་སྐྲུན་བརྒྱུད་སྤེལ་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་སྟེ། གཅིག་ནས་གསར་འགྱུར་ལ་བརྟེན་ནས་ཁ་བསླུས་རྒྱག་པ་དང་གསར་འགྱུར་རྫུས་མ་སྤེལ་རྒྱུར་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་། གཉིས་ནས་སྨྱན་སྦྱོར་དང་། གསར་འགོད་པའི་ས་ཚིགས། གསར་འགོད་པ་བཅས་རྫུས་མར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། གསུམ་ནས་ཚོང་ལས་དྲ་ཚིགས་ཀྱིས་ཁྲིམས་འགལ་ངང་བཅར་འདྲི་དང་རྩོམ་སྒྲིག་བྱེད་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། བཞི་ནས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ཁྲིམས་འགལ་ངང་དཔེ་སྐྲུན་དངོས་པོ་བཙོངས་བའི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
         རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་གྱིས་ལོ་འགོ་ནས་བཟུང་ཆེད་དོན་བྱ་སྤྱོད་ཁག་གཅིག་སྔོན་ནས་འཆར་གཞི་བཀོད་དེ་བཀོད་སྒྲིག་བྱས་ཡོད་ལུགས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།