འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ས་ཁུལ་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལས་བྱེད་པ་237ཀྲུང་དབྱང་
    ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་ལ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་བའི་2017ལོའི་ནུབ་རྒྱུད་ས་ཁུལ་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནས་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚེས་22ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་དབྱང་ལས་ཁུངས་སུ་གནས་སྦྱར་དུ་ཡོང་བའི་ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ། དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ཁུལ་བཅས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་19དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་གནས་སྦྱར་ལས་བྱེད་པ་བཅས་ཁྱོན་མི་237གསོ་སྦྱོང་ནང་ཞུགས་པ་རེད།
          དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་རིང་། གནས་སྦྱར་ལས་བྱེད་པ་ཚོས་སྐབས་ཏང་གི་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ནང་དོན་ལ་ཆེད་དོན་སློབ་སྦྱོང་བྱ་རྒྱུ་རེད། གསོ་སྦྱོང་གྲོལ་རྗེས་གནས་སྦྱར་ལས་བྱེད་པ་རྣམས་ཁག་བགོས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་87ནང་དུས་ཡུན་ལོ་གཅིག་གི་གནས་སྦྱར་སྦྱོང་བརྡར་བྱ་རྒྱུ་ཡིན་པ་རེད།
          ཀྲུང་དབྱང་གི་པུའུ་ཨུད་གསུམ་གྱི་འགན་འཁུར་བློ་མཐུན་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་། གནས་སྦྱར་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས། གོ་སྐབས་དམ་འཛིན་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། དངོས་སྦྱར་དངོས་སྒྲུབ། སྒྲིགས་ཁྲིམས་ནན་སྲུང་བཅས་བྱས་ཏེ་རང་ངོས་ཀྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།