འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར“དཔྱིད་དུས་ཕྱི་འབྲེལ”གྱི་ཚ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རྗེས་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་གལ་ཆེའི་དཔོན་རིགས་མཐོ་གྲས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་གོར་འཚམས་འདྲི་གནང་འགོ་ཚུགས་པ་དང་ཀྲུང་གོའི་འགོ་ཁྲིད་པ་ཕྱི་རྒྱལ་དུ་འཚམས་འདྲིར་ཡང་ཡང་ཕེབས་ཏེ་ཀྲུང་གོར“དཔྱིད་དུས་ཕྱི་འབྲེལ”གྱི་ཚ་རླབས་འཕྱུར་ཡོད།
         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་ཚོགས་འདུ་གཉིས་ཀྱི་རྗེས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་གཙོ་བདག་ཐོག་མ་དེར་གྱུར་ཡོད། གཞན་ཡང་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་དང་། ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གལ་ཆེའི་དཔོན་རིགས་ཀྱང་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་རིང་བར་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་དུ་འཚམས་འདྲིར་ཕེབས་མཁན་ཡིན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་ཡང་གིས་ཧྥི་ལི་ཕིན་དུ་འཚམས་འདྲི་གནང་མཇུག་འགྲིལ་མ་ཐག་ཡིན་པ་རེད། གོ་ལ་ཧྲིལ་པོའི་ཚོང་དོན་ལས་རིགས་ཀྱི་གཙོ་འཛིན་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་དབང་མང་པོ་གཅིག་ཏུ་བསྡུས་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་སྤེལ་རྒྱུ་དང་ལོ་གཅིག་དུས་གཅིག་གི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་འགོ་འཛུགས་ཉེར་ཡོད།
         གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་རྒྱལ་དོན་བློན་ཆེན་གནང་རྗེས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་ཡོད། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱི་གལ་ཆེའི་དུས་སྐབས་ཀྱི་འཚམས་འདྲི་དེར་འཛམ་གླིང་ཡུལ་གྲུ་ཀུན་གྱི་དོ་སྣང་ཐོབ་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་བསམ་པ་རྣམ་དག་གིས་འབྲེལ་བ་གཏིང་ཟབ་བྱས་པས་ཉེ་དུས་སྤེལ་རྒྱུའི་ཀྲུང་ཨའི་གཙོ་བདག་གི་ཐུག་འཕྲད་ལ་རྨང་གཞི་བཏིང་སྟེ་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་བར་བརྒལ་ཡོང་བ་དང་མཉམ་ལས་གསར་པ་འཆར་འགོད་བྱེད་པའི་མདུན་ལྗོངས་ལ་སྐུལ་མ་བཏང་ཡོད།
         ཏི་ལེ་སེན་གྱིས་ཨ་རི་ཕྱོགས་ཀྱིས་གདོང་ཐུག་མི་ཐོན་པ་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བཏང་སྟེ་ཨ་ཀྲུང་ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཨ་ཀྲུང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་འདོད་ཡོད་ཅེས་གསུངས།“གདོང་ཐུག་མི་ཐོན་པ་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན”བཅས་ཡོང་བ་བྱ་རྒྱུ་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་ནང་དོན་དང་རྦད་དེ་འཚམས་ཡོད།
         ཕྱི་ཕྱོགས་ཀྱི་དོ་འཁུར་ཧ་ཅང་ཆེན་པོ་ཐོབ་པའི་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་རྒྱལ་ཁྲིར་བཞུགས་རྗེས་ཀྲུང་གོར་འཚམས་འདྲི་ཐོག་མ་དེ་གནང་ཡོད། འཚམས་འདྲི་གནང་རིང་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་མཉམ་ལས་གྲོས་ཡིག་14བཞག་པའི་ནང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐོན་ནུས་དང་མ་འཇོག་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་དང་འབྲེལ་བ་ཡོད་པའི་མ་དངུལ་ཨ་སྒོར་དུང་ཕྱུར་650ཙམ་ཟིན་ཡོད།
         སོ་ཏི་ཨ་རབ་ནི་དབུས་ཤར་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་ལ“རྒྱུད་གཅིག་ལམ་གཅིག”ཐོག་གི་གལ་ཆེའི་མཚམས་ཚིགས་རྒྱལ་ཁབ་ཅིག་ཀྱང་ཡིན། “ཉེ་དུས་ཕྱི་འབྲེལ་བྱེད་སྒོའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་དཔལ་འབྱོར་ཕྱི་འབྲེལ་གྱིས་གཙོ་བོར་བྱེད་པའི་གཉིས་ཁེ་གཉིས་ཕན་གྱི་ཀྲུང་གོའི་འདུ་ཤེས་མངོན་ཡོད”ཀྲུང་གོའི་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་འཛམ་གླིང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཁྲེན་ཤང་དབྱང་གིས“རྒྱུད་གཅིག་ལམ་གཅིག”ནི་འདི་ལོ་ཕྱི་འབྲེལ་ལས་དོན་གྱི་གཙོ་གནད་ཅིག་ཡིན་ལ་ཉེ་དུས་ཀྱི་ཁྱབ་ཁོངས་ཁག་དང་རིམ་པ་མང་བའི་ཕྱི་འབྲེལ་བྱེད་སྒོའི་བརྗོད་དོན་ཆེན་པོ་ཞིག་ཀྱང་ཡིན་ཞེས་བཤད།
         དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཀྲུང་གོར་འཚམས་འདྲི་གནང་རིང་། ཀྲུང་དབྱི་ཕྱོགས་གཉིས་པོས་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་མོས་མཐུན་གནང་བ་དེ་ད་ཐེངས་ཀྱི་འཚམས་འདྲིའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། ཞིང་ལས་དང་། ཚན་རྩལ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཐད་ཀྱི་དབྱི་སི་རལ་གྱི་ལེགས་ཆས་འབྱུང་འགྱུར་ཕྱོགས་གཉིས་ཀྱི་གསར་གཏོད་མཉམ་ལས་ལ་ལས་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱ་རྒྱུ་རེད།
         ཙུང་ལི་ལི་ཁེ་ཆང་གིས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་དུ་འཚམས་འདྲི་གནང་རྒྱུའི་ཐད་རིགས་གཅིག་མཁས་ཅན་གྱིས་ད་ཐེངས་ཀྱི་འཚམས་འདྲི་དེས་ཀྲུང་ཨོ་དང་ཀྲུང་ནེའུ་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་ཟབ་ཏུ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སླར་ཡང་ཟིན་ཐོ་གསར་པ་གཏོད་རྒྱུ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད།
         ཟླ་བ་གཅིག་སོང་རྗེས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོག་རྒྱུ་དང་ཨེ་ཤེ་ཡ་འཛམ་གླིང་ཀུན་གྱི་དོ་སྣང་བྱ་ཡུལ་དུ་འགྱུར་སྲིད། “ཀྲུང་གོའི་ལྷག་བསམ་ཟོལ་མེད་དང་ཡར་བརྩོན་གྱི་ཕྱི་འབྲེལ་རྣམ་འགྱུར་གྱིས་འཛམ་གླིང་ལ་ངོ་མཚར་གསར་པ་རེ་རེ་གཏོད་རྒྱུ་རེད”ཅེས་རོན་ཙུང་ཙེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།