འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་རི་ཁུལ་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སི་ཁྲོན་དཀར་མཛེས་ཀྲོའུ་མི་དམངས་སྲིད་གཞུང་དང་། སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་དང་། ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། འདབ་པ་རྫོང་མི་དམངས་སྲིད་གཞུང་། འདབ་པ་ཉི་བརྟེན་མཛེས་ལྗོངས་ཁུལ་དོ་དམ་ཅུས། འདབ་པ་ཉི་བརྟེན་མཛེས་ལྗོངས་ཁུལ་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་གཉེར་འགན་འཁུར་བའི“2017ལོའི་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་རི་ཁུལ་ཡུལ་སྐོར་དུས་ཆེན—འདབ་པ་ཉི་བརྟེན་ཤམ་བྷ་ལ་ལུའོ་ཁེའི་ཡུལ་སྐོར་རབ་དགའི་བྱེད་སྒོའི”སྦྲེལ་མཐུད་འདུ་ཚོགས་དེ་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་དུ་གཉེར་བ་དེ་ཐོག་ནས་2017ལོའི་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་རི་ཁུལ་ཡུལ་སྐོར་དུས་ཆེན་བྱེད་སྒོ་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།
         ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“གནས་མཆོག་དཀར་མཛེས་སུ་ཡུལ་སྐོར་བྱེད·འདབ་པ་ཉི་བརྟེན་དུ་དགའ་འཛོམས་བྱེད”ཅེས་པ་ཡིན་ལ། འདི་ལོའི་ཟླ་8ཚེས་13ཉིན་འདབ་པ་ཉི་བརྟེན་དུ་གཉེར་རྒྱུ་ཡིན་པ་རེད། “གནས་མཚོག་དཀར་མཛེས”ཀྱི་སྤུས་རྟགས་སྔར་བས་ལེགས་སུ་བཏང་ནས་དཀར་མཛེས་ཀྲོའུ་ཡི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཆེད། བྱེད་སྒོ་དེ“1+5+N”གྱི་བསམ་ཕྱོགས་ལྟར་ཇུས་འགོད་ལག་བསྟར་བྱ་རྒྱུ་སྟེ། བྱེད་སྒོ་གཙོ་བོ་གཅིག་དང་། རྫོང་ལྔའི་ཆེད་དོན་བྱེད་སྒོ མ་ལག་བྱེད་སྒོ་Nབཅས་ཡིན། དེ་དང་ཆབས་ཅིག་ཉག་ཆུ་དང་། ལི་ཐང་། ཕྱག་ཕྲེང་། འབའ་ཐང་། སྡེ་རོང་བཅས་རྫོང་ལྔས་ཐེངས་འདིའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཡུལ་སྲོལ་གོམས་གཤིས་དུས་ཆེན་སྣ་ཚོགས་དང་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།