འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུ་ཤུ་ཀུང་སིས་མདོག་དམར་པོ་ཅན་གྱི་iPhone 7དང་iPhone 7 Plusབཀྲམ་ཚོང་
    བྱས་ཤིང་རིན་གོང་མི་དམངས་ཤོག་སྒོར་6188ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀུ་ཤུ་ཀུང་སིས་མདོག་དམར་པོ་ཅན་གྱི་iPhone 7དང་iPhone 7 Plusབཀྲམ་ཚོང་
བྱས་ཤིང་རིན་གོང་མི་དམངས་ཤོག་སྒོར་6188ཡིན་པ།
          མི་དམངས་དྲ་བའི་འཕྲིན། པེ་ཅིང་གྱི་དུས་ཚོད་ཟླ་3ཚེས་21ཉིན། ཀུ་ཤུ་ཀུང་སིའི་གཞུང་ཕྱོགས་དྲ་ངོས་སུ་མདོག་དམར་པོ་ཅན་གྱི་iPhone 7དང་iPhone 7 Plusདངོས་སུ་ཁྱབ་བསྒྲགས་བྱས་ཤིང་། ནང་གསོག་རིམ་འཕར་བྱས་པའི་iPhone SEཡང་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ཀུ་ཤུ་iPhone 7དང་དམར་མདོག་ཅན་གྱི་iPhone 7 Plusགཉིས་དངོས་སུ་འཚོང་འགོ་ཚུགས་ཤིང་། རིན་གོང་མི་དམངས་ཤོག་སྒོར་6188ཡིན་པ་རེད། དེ་སྔོན་གྱི་བརྡ་འཕྲིན་ལྟར་ན། ཀྲུང་གོའི་མི་ཚང་མ་ཁ་དོག་དམར་པོར་ཧ་ཅང་དགའ་པོ་ཡོད་པ་དང་། ཀྲུང་གོ་ནི་ཀུ་ཤུའི་རིག་ནུས་ལག་ཁྱེར་ཁ་པར་གྱི་མངོན་མེད་ཚོང་ར་ཆེན་པོ་ཞིག་ཀྱང་ཡིན་སྟབས། ཐེངས་འདིའི་iPhone 7དང་དམར་མདོག་ཅན་གྱི་iPhone 7 Plusགཉིས་འཚོང་ཡུལ་ནི་ཀྲུང་གོའི་ས་ཁུལ་ཁོ་ན་ཙམ་མ་ཡིན་པ་རེད།
          ཀུ་ཤ་ཁ་པར་རིགས་འདི་གཉིས་ནི་ཟླ་3ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་11དང་སྐར་མ་1ནས་བཟུང་འཚོང་འགོ་ཚུགས་རྒྱུ་ཡིན་ལ། ཟླ་གསུམ་པའི་ཟླ་མཇུག་ནས་བཟུང་། ཨ་རི་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ལ་དངོས་ཟོག་སྐྱེལ་རྒྱུ་ཡིན་པ་རེད།
    ༄༅།།ཀུ་ཤུ་ཀུང་སིས་མདོག་དམར་པོ་ཅན་གྱི་iPhone 7དང་iPhone 7 Plusབཀྲམ་ཚོང་
བྱས་ཤིང་རིན་གོང་མི་དམངས་ཤོག་སྒོར་6188ཡིན་པ།
    ༄༅།།ཀུ་ཤུ་ཀུང་སིས་མདོག་དམར་པོ་ཅན་གྱི་iPhone 7དང་iPhone 7 Plusབཀྲམ་ཚོང་
བྱས་ཤིང་རིན་གོང་མི་དམངས་ཤོག་སྒོར་6188ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།