འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་ཞིང་ཆེན་ཕུའུ་དབྱང་རྫོང་དུ་སློབ་མ་རྡོག་བརྫིས་ཐེབས་པའི་དོན་རྐྱེན་བྱུང་བ་
    ལས་མི་1གྲོངས་པ་དང་མི་5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་དོན་རྐྱེན་འབྱུང་
    རྐྱེན་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧོ་ནན་ཞིང་ཆེན་ཕུའུ་དབྱང་རྫོང་དུ་སློབ་མ་རྡོག་བརྫིས་ཐེབས་པའི་དོན་རྐྱེན་བྱུང་བ་
ལས་མི་1གྲོངས་པ་དང་མི་5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་དོན་རྐྱེན་འབྱུང་
རྐྱེན་ཁྱབ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་ཕྱི་དྲོ་ཆུ་ཚོད་15ཡི་བར་དུ་ཕུའུ་དབྱང་རྫོང་སློབ་ཆུང་དུ་སློབ་མ་རྡོག་བརྫིས་ཐེབས་པའི་དོན་རྐྱེན་བྱུང་བ་ལས་སློབ་མ་22ལ་རྨས་སྐྱོན་ཕོག་པ་དང་། དེའི་ཁྲོད་དུ་སློབ་མ་1སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་གྲོངས་ཤིང་། སློབ་མ་5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། མིག་སྔར། རྨས་སྐྱོན་ཕོག་པའི་སློབ་མ་ཡོངས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
        ཕུའུ་དབྱང་རྫོང་མི་དམངས་སྲིད་གཞུང་གི་གནས་འཕྲིན་སྤེལ་དོན། དེ་རིང་སྔ་དྲོ་ཆུ་ཚོད་8:30ཡས་མས་སུ་ཕུའུ་དབྱང་རྫོང་ཚོད་ལྟ་སློབ་ཆུང་གསུམ་པར་སློབ་མ་རྡོག་བརྫིས་ཐེབས་པའི་དོན་རྐྱེན་ཞིག་བྱུང་ཞིང་། མིག་སྔར། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། དོན་རྐྱེན་འབྱུང་རྐྱེན་ནི་སློབ་གསེང་གི་དུས་ཚོད་ཅུང་ཐུང་བས། སློབ་མ་ཚོས་བསྡུ་རུབ་བྱས་ཏེ་གསང་སྤྱོད་དུ་འགྲོ་སྐབས་འཚང་ཁ་བརྒྱབ་སྟེ་རྡོག་བརྫིས་ཐེབས་པ་རྩད་ཞིབ་གསལ་པོ་བྱུང་ཡོད་པ་རེད།
         དོན་རྐྱེན་བྱུང་རྗེས། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཚོད་དང་པོར་ཡུལ་དངོས་སུ་འབྱོར་ནས་མྱུར་སྐྱོབ་བཀོད་འདོམས་བྱས་པ་དང་། འབྲེལ་ཡོད་ལས་ཁུངས་ལ་རྨས་སྐྱོན་ཕོག་པའི་སློབ་མ་ནུས་ཤུགས་ཅི་ཡོད་ཀྱིས་སྲོག་སྐྱོབ་སྨན་བཅོས་བྱ་དགོས་པའི་བླང་བྱ་བཏོན་པ་མ་ཟད། མགྱོགས་མྱུར་ངང་སྨན་ཁང་དུ་ཕྱིན་ནས་རྨས་སྐྱོན་ཕོག་པའི་སློབ་མར་བདེ་འདྲིའང་ཞུས་པ་རེད། དེ་དང་དུས་མཚུངས་སུ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ནས་མགྱོགས་མྱུར་དུ་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་འབྱུང་རྐྱེན་ཞིབ་བཤེར་སྔར་ལས་གསལ་པོ་དང་། བསླབ་བྱ་ཕྱོགས་བསྡོམས་བྱ་དགོས་པ་དང་། སློབ་མའི་ཁྱིམ་བདག་ཚོར་སེམས་གསོའི་ལས་ཀ་ཡག་པོ་བྱ་དགོས་ཤིང་། སློབ་མ་ཚོར་སེམས་གདུང་སེལ་བའི་སེམས་གསོ་ཡག་པོ་བྱ་དགོས་པ། མྱུར་དུ་ཚོགས་འདུ་འཚོགས་ཏེ་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་བརྡ་ཁྱབ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་རའི་བདེ་འཇགས་ལས་ཀ་བཀོད་སྒྲིག་སྔར་ལས་ལྷག་པར་བྱས་ཏེ་དོན་རྐྱེན་འདི་རིགས་སླར་ཡང་མི་འབྱུང་བའི་སྔོན་འགོག་བྱ་དགོས་པ། ཕུའུ་དབྱང་རྫོང་ཚོད་ལྟའི་སློབ་ཆུང་གསུམ་པར་བསྒྱུར་བཀོད་བྱས་ཏེ་སློབ་ཁྲིད་ཀྱི་སྒྲིག་བཀོད་དང་ཆ་རྐྱེན་ལེགས་བཅོས་བྱ་དགོས་པ། དོན་རྐྱེན་འབྱུང་རྐྱེན་ཞིབ་བཤེར་གསལ་པོ་བྱས་པའི་རྨང་གཞིའི་ཐོག འབྲེལ་ཡོད་འོས་འགན་འཁུར་མཁན་ལ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཆད་གཅོད་ནན་མོ་བྱ་དགོས་པ། དཔེ་བཞག་རིགས་འགྲེ་བྱས་ནས་རྫོང་ཡོངས་སུ་བདེ་འཇགས་སྐོར་གྱི་ཞིབ་བཤེར་ཆེན་པོ་བྱ་དགོས་ཤིང་། བདེ་འཇགས་ཐད་ཀྱི་མངོན་མེད་ཉེན་ཁ་གཙང་སེལ་བྱས་ཏེ་བདེ་འཇགས་ཐད་ཀྱི་དོན་རྐྱེན་གཞན་དག་སྔོན་འགོག་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།