འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་ཁེ་ལས་བཅུ“བློས་འགེལ་འཛད་སྤྱོད་ཀྱི་དཔེ་སྟོན་ཚོང་
    ཁང”ལ་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་སུ“མཚོ་སྔོན་གྱི་བློས་འགེལ་འཛད་སྤྱོད་ཀྱི་དཔེ་སྟོན་ཚོང་ཁང”དཔྱད་འདེམས་བྱེད་སྒོ་སྤེལ་བ་དང་ཧུད་ཁེ་ཅའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་སོགས་ཚོང་ལས་ཀྱི་ཡིད་རྟོན་ལེགས་པ་དང་། ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱེད་པ། འཛད་སྤྱོད་པའི་ཁས་ལེན་ཐོབ་པ། དཔེ་སྟོན་ནུས་པ་ཅུང་ཆེ་ཙམ་ལྡན་པ་བཅས་ཀྱི་ཚོང་དོན་ཁེ་ལས་10ལ“མཚོ་སྔོན་གྱི་བློས་འགེལ་འཛད་སྤྱོད་ཀྱི་དཔེ་སྟོན་ཚོང་ཁང”གི་མཚན་སྙན་སྤྲད་པ་རེད།
         ད་རེས་ཀྱི་དཔྱད་འདེམས་བྱེད་སྒོར་སྐད་འཕྲིན་ཐོག་ནས་འདེམས་ཤོག་འཕེན་པའི་བྱེད་ཐབས་ཐོག་མར་སྤྱད་ཡོད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་དེ་བཞིན་ཞིང་ཆེན་བཟོ་ཚོང་ཅུས་ཀྱི་ཐད་གཏོགས་ཡན་ལག་ཅུས་ཁག་གིས་འོས་སྦྱོར་བྱས་པའི་ཚོང་དོན་ཁེ་ལས་31གི་རྨང་གཞིའི་ཐོག་རྒྱ་ཆེའི་འཛད་སྤྱོད་པར་ཁ་ཕྱོགས་ནས་དཔྱད་འདེམས་ཡོངས་བསྒྲཌ་བྱས་པ་དང་འབྲེལ་འདེམས་ཤོག་མང་ཤོས་ཀྱི་ཁེ་ལས་བཅུ་ཡོངས་བསྒྲགས་བྱས་པ་རེད། ད་རེས་ཀྱི་བྱེད་སྒོའི་ནང་ཁྱོན་འཛད་སྤྱོད་པ་52875ཞུགས་པ་དང་དེའི་ནང་འདེམས་ཤོག་126640འཕངས་པ་དང་གོ་ཆོད་འདེམས་ཤོག་89136ཡོད་པ་དང་བྱེད་སྒོ་དེའི་སྐད་འཕྲིན་ཐོག་གི་ནང་དོན་ལ་ལྟ་ཐེངས་834554ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།