འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་དམངས་ཕན་གྱི“ཐབས་མང་མཉམ་སྤྱོད”
    ལ་བརྟེན་ནས་ཁྲལ་འཇལ་མཁན་ལ་སྟབས་བདེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ངས་རྒྱ་ཡིག་འབྲི་མི་ཤེས་པས་ངག་ནས་བརྗོད་པ་ལྟར་ཁྲལ་དོན་ལས་བྱེད་པས་གློག་ཀླད་ཐོག་ཡི་གེ་འབྲི་རོགས་བྱས་པ་དང་། ངས་ས་ཡིག་འགོད་པའི་བར་སྐར་མ་5ཙམ་རིང་ལས་ཀ་ཡོངས་བསྒྲུབས་ཚར་སོང”ཞེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཕིང་བཟོ་གྲྭའི་ཁྲིམས་མིའི་འཐུས་མི་བསྟན་འཛིན་ཆོས་འབྱོར་གྱིས་དགའ་སྤྲོའི་ངང་བཤད།
         ལྷོ་ཁ་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་དོན་དངོས་ལ་གཞི་བཙུགས་ཏེ་རེའུ་མིག་འབྲི་མི་དགོས་པའི་ཞབས་ཞུ་དང་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་བས་ཁྲལ་འཇལ་བའི་བསྔགས་བརྗོད་ཐོབ་ཡོད། ད་ལོར་ལོ་གཉིས་ཀྱི་གོང་ཅུས་དེ་གས་ཁྲལ་འཇལ་རེ་ཞུའི་ལས་སྒོ་2659བསྒྲུབས་པའི་ནང“རེའུ་མིག་འབྲི་མི་དགོས་པའི”ལས་སྒོ་1452ཡོད་པ་དང་། ཁྲལ་འཇལ་བའི་གཏུག་བཤེར་དོན་རྐྱེན་གཅིག་ཀྱང་ཐོན་མེད་པ་རེད།
         བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཁྲལ་འཇལ་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་རྣམ་བཀྲས་ངོ་སྤྲོད་བྱས་པ་ལྟར་ན། “དམངས་ཕན་ཁྲལ་འཇལ་གྱི་དཔྱིད་རླུང་བྱ་སྤྱོད”ལ་སྐུལ་མ་གཏོང་རིང་རྒྱལ་ཁབ་ཀྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ཁྲལ་འཇལ་བའི་ཁུར་པོ་ཡང་དུ་གཏོང་བའི་སྤྱིའི་བླང་བྱ་ལྟར་བོད་རིགས་མང་ཚོགས་ཀྱི་ཞིབ་ཕྲའི་དགོས་མཁོ་སོགས་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་གང་ལེགས་ཀྱིས་སྲོལ་རྒྱུན་གྱི་བྱེད་ཐབས་ཐད་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཞབས་ཞུ་དང་། ཆུ་ཚོད་24རིང་གི་ཐོགས་མེད་བགྲོད་ལམ། སྔོན་མངགས་ཞབས་ཞུ་སོགས་མཐའ་འཁྱོངས་བྱས་ཤིང་། གསར་གཏོད་བྱེད་ཐབས་ཐད“དྲ་སྦྲེལ་དང་ཁྲལ་དོན་ཟུང་འབྲེལ”གྱི་ཁྲལ་འབབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གོང་འཕེལ་དུ་གཏོང་རྒྱུ་དེ་གོ་སྐབས་བཟང་པོར་བརྩིས་ནས་དྲ་ཐོག་རེ་ཞུ་དང་སྐད་འཕྲིན་དཔོད་ཆུང་ལས་སྟེགས་ཀྱི་ཁྲལ་བསྡུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁྲལ་འཇལ་བར་ཁྲལ་དོན་སྒྲུབ་པའི་སྟབས་བདེ་དངོས་དངོས་རྗེན་རྗེན་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།