འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་གོ་ཧྲེང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཀྲུང་གོ་ནས་འཛམ་
    གླིང་ཕྱོགས་སུ་སྐྱོད་པའི“ལྗང་མདོག་མིང་བྱང”དུ་འགྱུར་བར་བྱེད་
    དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་སྨྱན་སྦྱོར་སྒོ་འབྱེད་ཉིན་མོར་འདི་ལོ་སྣོད་བཅུད་སྲུང་སྐྱོང་དང་། དོ་དམ་ལམ་སྲོལ་གསར་གཏོད། གཉིས་ཕན་མངོན་འགྱུར་བཅས་དོན་གསུམ་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཀྲུང་གོ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པའི“ལྗང་མདོག་མིང་བྱང”དུ་འགྱུར་བར་བྱེད་དགོས་ཞེས་གསུངས།
         2016ལོའི་ཟླ་4པར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་ཁུལ་དུ་བཙུགས་པ་དང་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་འབྲི་ཆུའི་ཆུ་འགོ་དང་། རྨ་ཆུའི་ཆུ་འགོ རྫ་ཆུའི་ཆུ་འགོ་བཅས་ཀྱི་གླིང་ཁུལ་དོ་དམ་ཨུ་ལྷན་བཙུགས་ནས་དེ་སྔོན་ནགས་ལས་དང་། གཞུང་ཁོངས་ས་ཆ། ཁོར་ཡུག་སྲུང་སྐྱོང་། ཆུ་བེད། ཞིང་འབྲོག་སྡེ་ཚན་སོགས་ཀྱིས་འགན་ཁུར་བའི་སྣོད་བཅུད་སྲུང་སྐྱོང་གི་དོ་དམ་འགན་འཁྲི་ཚང་མ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་གླིང་གསུམ་དོ་དམ་ཨུ་ལྷན་གྱིས་གཅིག་གྱུར་འཁུར་བར་བརྟེན་གཅིག་སྡུད་གཅིག་གྱུར་དང་ནུས་མཐོ་སྲུང་སྐྱོང་གིས་དོ་དམ་དང་ཁྲིམས་འཛིན་ཐུབ་ཡོད།
         རྙིང་གཏོར་གསར་འཛུགས་བྱེད་པའི་ཐད། འདི་ལོ་མཚོ་སྔོན་གྱིས་ཚོད་ལྟའི་ལས་འགན་ལ་སྐུལ་འདེད་བཏང་ནས“གཙང་པོ་གཅིག་གི་ཆུ་གཙང་ཤར་ཕྱོགས་སུ་རྒྱུག་རྒྱུར”འགན་ལེན་ཇི་ལྟར་བྱེད་པའི་གནས་ཚུལ་ཐད། ཝང་གོ་ཧྲེང་གིས་འདི་ལོ་ནི“ལོ་གཉིས་རིང་ཚོད་ལྟའི་ལས་དོན་ལེགས་གྲུབ”བྱེད་པའི་འགག་རྩའི་ལོ་རེད། 《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་སྤྱི་གླིང་འཛུགས་སྐྲུན་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་། རང་བྱུང་སླར་གསོ་གཙོ་བོར་བཟུང་ནས་འཁྱག་རོམ་གངས་རི་དང་། ཆུ་འགོ་དང་གཙང་ཆུ། མཚེའུ་དང་འདམ་ར། མཐོ་གྲང་རྩྭ་ཐང་སོགས་ཀྱི་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུ་འགོ་གསོ་འཁྱོངས་ཁུལ་གྱི་ནུས་པ་སྲུང་སྐྱོང་དང་མཐོ་རུ་གཏོང་དགོས་ཞེས་གསུངས།
         ཝང་གོ་ཧྲེང་གིས་དོ་དམ་གྱི་ལམ་སྲོལ་གསར་གཏོད་བྱས་ཏེ་དོ་དམ་ཨུ་ལྷན་གྱིས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་དོ་དམ་དང་། སྣོད་བཅུད་སྲུང་སྐྱོང་། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། སྤྱི་གླིང་ཁྱབ་ཁོངས་ཀྱི་ཤང་དང་གྲོང་རྡལ་ཚང་མས་རྒྱལ་ཁབ་སྤྱི་གླིང་སྣོད་བཅུད་སྲུང་སྐྱོང་གི་ཞིབ་ཕྲའི་སྒྲིག་འཛུགས་དོ་དམ་གྱི་འགན་འཁྲི་འཁུར་བ་དང་སྲིད་འཛིན་གྲོང་ཚོར་སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་ཁག་གཅིག་བཙུགས་ནས་འཕྲེད་གཞུང་གཉིས་ཀྱི“དྲ་བ་གཅིག”གི་སྣོད་བཅུད་སྲུང་སྐྱོང་དྲ་བའི་མ་ལག་ཆགས་པར་བྱེད་དགོས་ཞེས་གསུངས།
          དེ་དང་ཆབས་ཅིག སྣོད་བཅུད་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་འབྲོག་པའི་འདེབས་འཛུགས་དང་། གསོ་ཚགས། སྣོད་བཅུད་སྲུང་སྐྱོང་གི་ཕྱོགས་རྐྱང་པ་སྣོད་བཅུད་ཐོན་སྐྱེད་དང་འཚོ་བའི་འཁོར་རྒྱུག་བཟང་པོར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་འགན་གཙང་གཉེར་སྐྱོང་གླིང་ཁུལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དུ་བསྒྱུར་བ་དང་། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་ལམ་ལུགས་བརྟན་དུ་གཏོང་བ། མཉམ་ལས་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་གཉིས་ཕན་བཅས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།