འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སེབ་རུ་སིའི་གནད་དོན་གྱི་གྲོས་མོལ་གྱི་
    མདུན་ལམ་ལ་སེམས་ཁྲལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སེབ་རུ་སི་གསར་འགྱུར་ཁང་གིས་ཉེ་ཆར་གནས་ཚུལ་སྤེལ་བ་གཞིར་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་སེབ་རུ་སིའི་གནད་དོན་ཐད་ཀྱི་དམིགས་བསལ་བློ་འདྲི་བ་ཨའེ་སི་ཕུང·ཨའེ་ཏེ་ཡིས་ཉེ་ཆར་སེབ་རུ་སིར་ཡོད་པའི་ཀེ་རི་སེ་དང་ཐུར་ཁེ་མི་རིགས་གཉིས་ཀྱི་འགོ་ཁྲིད་པས་སླར་ཡང་གྲོས་མོལ་བྱ་རྒྱུའི་ཡིད་ཆེས་ཡོད། འོན་ཀྱང་གྲོས་མོལ་གྱི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་འདུག་ཅེས་བཤད་པ་རེད།
         ཨའེ་ཏེ་ཡིས་སེབ་རུ་སི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་སེབ་རུ་སིའི་ཀེ་རི་སེ་དང་ཐུར་ཁེ་མི་རིགས་གཉིས་ཀྱི་འགོ་ཁྲིད་པས་སླར་ཡང་གྲོས་མོལ་བྱེད་པར་དེ་བས་དོན་དམ་པའི་བྱ་སྤྱོད་འགའ་སྤེལ་དགོས། ཁོང་གིས་གྲོས་མོལ་མུ་མཐུད་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         འོན་ཏེ་ཨའེ་ཏེ་ཡིས་གྲོས་མོལ་མུ་མཐུད་བྱེད་ཐུབ་པའི་དབང་དུ་བཏང་ནའང་གྲོས་མོལ་དེ་བསམ་ཚོད་བྱས་པ་ལྟར་འཕེལ་རྒྱས་བྱུང་མིན་ཐད་སེམས་ཁྲལ་ཆེན་པོ་འདུག་ཅེས་གསུངས་ཤིང་། ཁོང་གིས་ཕྱོགས་གཉིས་པོས་མཐའ་མའི་འགག་རྩའི་གནད་དོན་ཐད་རང་རང་གི་ལྟ་བ་མཁྲེགས་བཟུང་བྱས་ནས་དུས་ཚོད་གང་ལ་གང་འཚམ་སོང་བ་དང་ཕྱོགས་གཉིས་ཀས་ཁ་གཏད་ཕྱོགས་ཀྱིས་གཟུར་བཤོལ་བྱ་རྒྱུ་སྒུག་བསྡད་ཡོད་ཅེས་གསུངས་པ་རེད།
         ཚེས་5ཉིན་ཨ་ཁེན་ཀྲེ་ཡིས་ཐུར་ཁེ་རིགས་ཕྱོགས་ཀྱིས་སེབ་རུ་སིའི་གནད་དོན་ཐག་གཅོད་ཐུབ་རྒྱུའི་རེ་བ་བྱེད་མོད། འོན་ཏེ་བློས་གཏོང་བྱེད་འདོད་ཡོད་པ་གཏན་ནས་མིན། གྲོས་མོལ་བསྐྱར་དུ་ཐུབ་མིན་གྱི་འགག་རྩ་དེ་ཀེ་རི་སེ་རིགས་ཕྱོགས་ལ་ཐུག་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།