འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི་བཅའ་སྡོད་བྱ་ཡུལ་གསོལ་མགྲོན་ཁང་ནས“སྡེར་གཙང་བྱ་སྤྱོད”
    ཀྱི་ཕན་འབྲས་ལ་ལྟ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་དགུང་སླེབས་གྲབས་ཡོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཕུའུ་ཅན་ཞིང་ཆེན་ཡུང་ཨན་གྲོང་ཁྱེར་ཧུང་ཐན་གྲོང་རྡལ་ཧུང་ཐན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏེང་ཝུན་ཧྲན་བཅའ་སྡོད་བྱ་ཡུལ་གྱི་ཤིས་ཀྲི་མན་མགྲོན་ཁང་གི་གསོལ་མགྲོན་ཁང་དུ་ཁ་ལག་བཟའ་བར་བསྐྱོད། ཁོང་གིས་རང་འདེམས་ཁ་ལག་ལེན་ཁུལ་དུ་སྐོར་བ་ཞིག་བརྒྱབ་ཀྱང་སྡེར་མའི་ནང་ཟ་མ་ཉུང་ཉུང་ཞིག་ལས་བླུགས་མེད།
         ཏེང་ཝུན་ཧྲན་གྱིས“རང་ཉིད་ཀྱི་བཟའ་འདོད་ཆེ་ཆུང་ལ་བསྟུན་ནས་ཁ་ལག་ལེན་ཆོག”ཅེས་གསུངས།
         2013ལོར“སྡེར་གཙང་བྱ་སྤྱོད”ལག་བསྟར་བྱས་པ་ནས་བཟུང་། སྤྱི་ཚོགས་ཐོག་ཧུར་བསྲི་གྲོན་ཆུང་གི་འབོད་སྐུལ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་གྲོས་འགོར་མི་དེ་བས་མང་བས་མོས་མཐུན་བྱས། ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“སྡེར་གཙང་བྱ་སྤྱོད”ཀྱི་བློ་སེམས་འགུགས་ཤུགས་མངོན་པར་བྱས།
          “སྡེར་གཙང་བྱ་སྤྱོད”ཀྱིས་མིའི་བཟའ་བཏུང་གོམས་གཤིས་ལ་འབོད་སྐུལ་བྱས་པ་མ་ཟད། ད་དུང་ཟས་རིགས་འཕྲོ་བརླག་མི་གཏོང་བའི་ལྗང་མདོག་འཛད་སྤྱོད་གོམས་གཤིས་ཀྱང་གསོ་སྐྱོང་བྱས་ཡོད” བཟའ་བཏུང་ཐད“སྡེར་གཙང་བྱ་སྤྱོད”ཀྱི་འབོད་སྐུལ་ལག་ལེན་གཏོང་བ་ཕུད། ངས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རང་ཉིད་དང་ཉེ་འགྲམ་གྱི་མིར་རྒྱས་གཤོམས་ཆུད་ཟོས་མི་གཏོང་བར་ལུགས་མཐུན་འཛད་སྤྱོད་བྱེད་དགོས་པའི་རེ་བ་བཏོན་གྱི་ཡོད་ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཐེན་ཅིན་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་དེ་སྔའི་སྤྱི་ཁྱབ་བཟོ་བཀོད་པ་པའོ་ཅིང་ལིང་གིས་གསུངས།
         འཐུས་མི་ཏེང་ཝུན་ཧྲན་ལ་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི“སྡེར་གཙང་བྱ་སྤྱོད”ལས་མངོན་པའི་ཧུར་བསྲི་གྲོན་ཆུང་གི་བསམ་བློ་དེ“ལྕེ་ཐོག་གི་ཆུད་ཟོས”བཅོས་པའི་ཐད་ཕན་འབྲས་དངོས་ཐོན་པ་མ་ཟད། ད་དུང་ས་ཁུལ་མི་ཉུང་བའི་རྒྱས་སྤྲོས་ཆུད་ཟོས་ཀྱི་སྲོལ་ངན་ལ་འགྱུར་ལྡོག་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།