འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རེ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ཐོག་ཀྲུང་གོའི་ཇུས་གཞིས་གློག་སྒུལ་རླངས་འཁོར་
    གྱི་འཇུར་མིག་ལས་ཚད་བརྒལ་ཡོང་བའི་ཚོད་ལྟ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གློག་གསོག་དཀའ་བ་དང་ལམ་ཐག་ལ་སེམས་ཁྲལ་བྱེད་པ་ནི་དེང་སྐབས་གློག་སྒུལ་རླངས་འཁོར་ལས་རིགས་ལ་འཕྲད་པའི་གནད་དོན་ཞིག་ཡིན་པ་དང་། ཚེས་7ཉིན་སྐབས་87པའི་རེ་ནེ་ཝའི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་གྱི་སྨྱན་སྦྱོར་ཉིན་མོའི་བྱེད་སྒོའི་ཁྲོད་འགྲེམས་སྟོན་ནང་ཞུགས་མཁན་ཀྲུང་གོའི་བཟོ་གྲྭས་གོ་ལ་ཧྲིལ་པོར་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པའི་བཟོ་ལྟ་མང་ལ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བརྟེན་ནས་རླངས་འཁོར་ལས་རིགས་ལ་འབྲེལ་ཡོད་འཇུར་མིག་ལས་ཚད་བརྒལ་ཇི་ལྟར་བྱས་པའི་ཀྲུང་གོའི་ཇུས་གཞི་བཏོན་པ་རེད།
         རེ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ནི་ལོ་རེའི་ཡོ་རོབ་ཀྱི་རླངས་འཁོར་འགྲེམས་སྟོན་བྱེད་སྔ་ཤོས་ཡིན་ལ། གོ་ལ་ཧྲིལ་པོའི་རླངས་འཁོར་འགྲེམས་སྟོན་ཆེ་ཤོས་ལྔའི་གྲས་ཤིག་ཀྱང་ཡིན་པས་རླངས་འཁོར་ཁྱབ་ཁོངས་ནང་གལ་ཆེའི“རླུང་ཕྱོགས་སྟོན་རྟགས”སུ་ངོས་འཛིན་བྱེད་ཀྱི་ཡོད། སྐབས་འདིའི་རླངས་འཁོར་འགྲེམས་སྟོན་ཚེས་9ཉིན་དངོས་སུ་བྱེད་འགོ་ཚུགས་པ་དང་། བཟོ་གྲྭ་180ལྷག་ཙམ་གྱི་བཟོ་ལྟ་མི་འདྲ་བའི་རླངས་འཁོར་900ཙམ་འགྲེམས་སྟོན་ནང་ཞུགས་པ་དེའི་ནང་གོ་ལ་ཧྲིལ་པོར་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པའི་རླངས་འཁོར་གསར་པ་83ཡོད་པ་རེད།
         ཀྲུང་གོ་ཀོན་ཀྲེ་རླངས་འཁོར་ཇུས་འགོད་སྤྱི་ཁྱབ་ལྟ་སྐུལ་པ། དེ་སྔོན་ཏ་ཀྲུང་དང་སན་ལིང་སོགས་སྤུས་རྟགས་ཀྱི་ཇུས་འགོད་ཚན་པའི་འགན་འཁུར་མྱོང་བའི་ལས་རིགས་འདིའི་རིགས་གཅིག་མཁས་ཅན་ཀེར་ཏེ·ཤིར་ཏེ་པུའུ་ལན་ཏེས་ཉིན་དེར་འགྲེམས་སྟོན་བྱེད་པའི་ཀྲུང་གོའི་རླངས་འཁོར་ལ་གདེང་འཇོག་བྱེད་སྐབས“ཀྲུང་གོ་ནི་མིག་སྔར་འཛམ་གླིང་ཐོག་གི་རླངས་འཁོར་ཁྲོམ་ར་ཆེ་ཤོས་ཡིན་པ་དང་ལག་རྩལ་དང་འཇོན་ཐང་ཡང་ཆེ་རུ་འགྲོ་གི་ཡོད”“ཀྲུང་གོའི་བཟོ་གྲྭ་དང་ཚོང་པས་གློག་སྒུལ་རླངས་འཁོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ལ། འདོན་པའི་ལག་རྩལ་ཇུས་གཞིར་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་ཡོད”ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།