འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་སུའུ་ཏན་ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་གིས་གནམ་ཐང་
    རྒྱུག་ལམ་མྱུར་བཟོ་བྱས་པར་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་ལྷོ་སུའུ་ཏན་གྱི་ལྟེ་བའི་གྲོང་རྡལ་ཆུང་ངུ་ལུན་པའེ་ཁེ་ཡི་གནམ་ཐང་རྒྱུག་ལམ་མྱུར་བཟོའི་ལས་གྲྭ་ཉིན་གསུམ་ཛ་དྲག་ཨར་སྐྲུན་བྱས་རྗེས་བདེ་བླག་ངང་ལེགས་སྒྲུབ་ཟིན་ནས་ལྷོ་སུའུ་ཏན་ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་གིས་སྒྲུབ་པའི་ལས་འགན་དེའི་མྱུར་ཚད་དང་སྤུས་ཚད་གཉིས་ཀར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་10ཉིན་གྱི་དགོང་མོ་ལྷོ་སུའུ་ཏན་(ལུན་པའེ་ཁེའི་ཕྱི་ཁུལ་དུ་བཅའ་སྡོད་)དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ལ་གནམ་ཐང་རྒྱུག་ལམ་ཛ་དྲག་ངང་མྱུར་བཟོ་བྱེད་དགོས་པའི་ལས་འགན་འབྱོར་ཡོད། ཅ་ན་དཔུང་སྡེའི་བརྗེ་རེས་ལས་འགན་འགན་ལེན་བྱ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཉིན་གསུམ་ནང་ངེས་པར་དུ་ལས་འགན་ལེགས་སྒྲུབ་ཟིན་དགོས་པའི་རེ་བ་བཏོན་ཡོད།
         དུས་ཚོད་ཛ་དྲག་པ་དང་བླང་བྱ་མཐོ་བས་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་གིས་ཉིན་མཚན་མེད་པར་འཆར་འགོད་བྱས་ཏེ་གནམ་ཐང་རྒྱུག་ལམ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་རེད། ཚེས་11ཉིན་ཞི་བདེ་སྲུང་སྐྱོང་དཔུང་སྡེས་དཔོན་དམག་15དང་དེ་བཞིན་རྐོ་འདྲུའི་འཕྲུལ་འཁོར་དང་། ས་བུད་འཕྲུལ་འཁོར། རང་འབེབས་འཕྲུལ་འཁོར་སོགས་ལས་གྲྭའི་ཐད་སྤྱོད་པའི་འཁོར་རིགས་6བཏང་སྟེ་རྩྭ་ངན་བཀོག་པ་དང་། ས་ཁོད་སྙོམས་པ། ལམ་ངོས་སྙོམས་པ་བཅས་བྱས་ཏེ་གནམ་ཐང་རྒྱུག་ལམ་དང་དེ་བཞིན་སྒྲིག་བཀོད་སྣ་ཚོགས་ལ་འཕྲལ་སྒྲུབ་མྱུར་བཟོ་བྱས་པ་རེད།
         ཨར་སྐྲུན་གྱི་བཀོད་འདོམས་པ་ལི་ཧྲི་ལེའང་གིས་སྤོབས་པ་ཆེན་པོའི་སྒོ་ནས“ཉིན་3གྱི་ཛ་དྲག་ཨར་སྐྲུན་བརྒྱུད་ང་ཚོས་གནམ་ཐང་རྒྱུག་ལམ་གྱི་ཛ་དྲག་མྱུར་བཟོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཟིན་ཏེ‘ཀྲུང་གོའི་མྱུར་ཚད’ལ་སླར་ཡང་བསྔགས་བརྗོད་ཐོབ་ཡོད”ཅེས་བཤད།
        སི་ར་ལ་ཨོང་ནས་ཡོང་བའི་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པ་(མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་ཚོགས་པ་)ལུན་པའེ་ཁེ་མཁའ་འདྲེན་གཞུང་ལས་ཁང་གི་གཙོ་གཉེར་མི་སྣ་ཧ་དབྱི·ས་མུའུ་ཡིས་ལས་འགན་ལེགས་སྒྲུབ་ཟིན་རྗེས་སེམས་འགུལ་ཚད་མེད་ཐེབས་ནས“ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ང་ཚོར་གནམ་ཐང་རྒྱུག་ལམ་ཧྲིལ་པོ་མྱུར་བཟོ་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨར་སྐྲུན་ཚད་གཞིའི་སྤུས་ཚད་ཧ་ཅང་མཐོ་པོ་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་ཚོགས་པ་ཅ་ན་ཞི་བདེ་སྲུང་སྐྱོང་དཔུང་སྡེ་བརྗེ་རེས་བྱ་རྒྱུར་འཕྲལ་དུ་རྒྱབ་སྐྱོར་བྱས་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།