འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཀྲུང་དབྱང་དངུལ་ཁང་ལ་ལྗང་མདོག་བུན་འཛིན་གསར་གཏོད་ཀྱི་ལྟ་སྐུལ་དོ་
    དམ་བྱ་དགའ་རེག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་བུན་འཛིན་གྲོས་འགོ་རྩ་འཛུགས(CBI)ཀྱིས་ལོན་ཏོན་དངུལ་རྩའི་གྲོང་དང་ལྗང་མདོག་དངུལ་རྩ་གྲོས་འགོ་རྩ་འཛུགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྐབས་གཉིས་པའི་ལྗང་མདོག་བུན་འཛིན་གྱི་ལོ་ཚོགས་ཉེ་ཆར་དབྱིན་ཇིའི་ལོན་ཏོན་དུ་གཉེར་བ་དང་ཀྲུང་གོ་མི་དམངས་དངུལ་ཁང་ལ“གསར་གཏོད་ཀྱི་ལྟ་སྐུལ་དོ་དམ་པའི”བྱ་དགའ་རག་པ་རེད།
         ལྗང་མདོག་བུན་འཛིན་འགྲེམས་སྤེལ་བྱེད་དོན་ནི་གཙོ་བོ་དགེ་མཚན་ལྡན་པའི་ཁོར་ཡུག་གི་ཕན་འབྲས་སམ་ཡང་ན་གནམ་གཤིས་འགྱུར་ལྡོག་ཕན་འབྲས་ཀྱི་རྣམ་གྲངས་ལ་མ་དངུལ་མཁོ་འདོན་བྱ་ཆེད་རེད། གྲངས་གཞིའི་ནང་ན་ནིང་ཀྲུང་གོས་འགྲེམས་སྤེལ་བྱས་པའི་ལྗང་མདོག་བུན་འཛིན་འཕར་མྱུར་བ་དང་འགྲེམས་སྤེལ་གཞི་ཁྱོན་ཧ་ལམ་གཅིག་ཀྱང་མེད་པ་ནས་ཨ་སྒོར་དུང་ཕྱུར་362བར་འཕར་ཏེ་གོ་ལ་ཧྲིལ་པོའི་འགྲེམས་སྤེལ་གཞི་ཁྱོན་གྱི་39%བཟུང་བས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ལྗང་མདོག་བུན་འཛིན་འགྲེམས་སྤེལ་བྱེད་པའི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།