འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མིས་ནུབ་རྒྱུད་འཕེལ་རྒྱས་ལ་ཤེས་ལྡན་པ་སེམས་གནས་ཐུབ་པ་དང་ནང་འདྲེན་
    ཐུབ་པ། གཅིག་སྡུད་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པའི་
    གྲོས་འགོ་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན། “ནུབ་རྒྱུད་འཕེལ་རྒྱས་ཤེས་ལྡན་པར་རྟེན་དགོས་པ་དང་། ནུབ་རྒྱུད་དུ་ཤེས་ལྡན་པ་གཅིག་སྡུད་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་སྐུལ་མ་གཏོང་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞའོ་ཀྲང་ཝང་ཧྲུའུ་གོ་ཡིས་གསུངས།
         ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་དེ་བས་ལག་ལེན་ནུས་ལྡན་བསྟར་དགོས་པ་བཏོན་ནས་གནམ་འོག་གི་ཤེས་ཡོན་ཅན་གཅིག་ཏུ་བསྡུས་ཏེ་ཚན་ཞིབ་མི་སྣའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱས་ཚེ་གསར་གཏོད་ཀྱི་བྱ་གཞག་ཆེན་པོར་གྲུབ་འབྲས་ཐོབ་ངེས་རེད། མཐོ་སློབ་སློབ་གླིང་ནི་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་ཡུལ་གཞི་རྟེན་གལ་ཆེན་ཞིག་ཡིན་ཞེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།