འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ཐི་རྒྱལ་ཁབ་ཏུ་འཁོར་རིགས་ཀྱི་བྱུར་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་34གྲོངས་པ་དང་
    མི་15ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཧེ་ཐི་རྒྱལ་ཁབ་ཀྱི་རྒྱལ་ས་རྒྱལ་སྲས་གྲུ་ཁ་ནས་སྤེལ་བའི་གནས་འཕྲིན་ལྟར་ན། ཧེ་ཐི་རྒྱལ་ཁབ་ཀྱི་བྱང་རྒྱུད་གྲོང་ཁྱེར་ཀོ་ན་དབྱི་ཧྥུའུ་རུ་ཟླ་3ཚེས་12ཉིན་གྱི་ཞོགས་པར་འཁོར་རིགས་ཀྱི་བྱུར་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་34གྲོངས་པ་དང་། མི་15ལ་རྨས་སྐྱོན་ཕོག་པ་རེད།
          ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཧེ་ཐི་རྒྱལ་ཁབ་དམངས་འགོག་ཅུས་ཀྱིས་སྤེལ་བའི་གནས་འཕྲིན་དྲངས་ནས་སྤྱི་སྤྱོད་རླངས་འཁོར་ཞིག་གིས་མི་གཉིས་ལ་གདོང་གཏུག་བརྒྱབ་པས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག་པའི་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་དུ་འགྲོ་རྩིས་བྱེད་སྐབས་མུན་རུབ་པ་དང་ཁ་ལོ་བ་འཚབས་ནས་འཁྲུག་པ་སོགས་ཀྱི་དབང་གིས་རླངས་འཁོར་ཁྲོམ་ལམ་འགྲམ་དུ་རྐང་ཐང་དུ་འགྲོ་བཞིན་པའི་མི་ཚོགས་ནང་བཏང་བས་མི་34གྲོངས་པ་དང་མི་15ལ་རྨས་སྐྱོན་ཕོག་པ་རེད། དོན་རྐྱེན་ལས་གྲོངས་མཁན་མང་པོ་ཞིག་ནི་ཁྲོམ་ལམ་དུ་འཁྲབ་སྟོན་བྱེད་མཁན་རོལ་མོ་སྒྱུར་རྩལ་པ་རེད་ཅེས་བརྗོད་པ་རེད།
          གནས་འཕྲིན་སྤེལ་བར་གཞིགས་ན། ཁོང་ཁྲོ་ལངས་པའི་མང་ཚོགས་ཚོས་བྱུར་ཉེས་བཟོས་པའི་རླངས་འཁོར་གྱི་མཐའ་ནས་བསྐོར་ཏེ་བཀག་པའི་སྐབས་སུ་ཉེན་རྟོག་པ་འབྱོར་ནས་ཁ་ལོ་བ་དང་རླངས་འཁོར་ཐོག་གི་འགྲུལ་པ་ཚང་མ་ཉེན་རྟོག་ཅུས་སུ་བརྟག་དཔྱད་བྱེད་པར་ཁྲིད་པ་རེད།
          དམངས་འགོག་ཅུས་ཕྱོགས་ཀྱིས་དོན་རྐྱེན་ཁྲོད་ཀྱི་རྨས་མ་ཚོ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།