འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཡུང་ཕུའུ་ཡིས་བསྟན་དོན་འདི་ལོ་དབུལ་སྒྲོལ་དཔྱད་ཞིབ་དཔྱད་དཔོག་ལམ་ལུགས་
    ནན་ཤོས་ལག་ལེན་བསྟར་རྒྱུ་དང“དབུལ་ཞྭ”ཕུད་ཟིན་པའི་རྫོང་དབུལ་པོས་དབུལ་
    སྒྲོལ་འགག་སྒྲོལ་རིང་མུ་མཐུད་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས། འདི་ལོ་དབུལ་སྒྲོལ་དཔྱད་ཞིབ་དཔྱད་དཔོག་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ཏེ། དབུལ་སྒྲོལ་གྲུབ་འབྲས་དྲང་གཞག་དང་བློས་འགེལ་ཆོག་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད་ཅེས་གསུངས།
         དེ་ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ལིའུ་ཡུང་ཕུའུ་ཡིས་དབུལ་སྐྱོར་འགག་སྒྲོལ་དཔྱད་ཞིབ་དཔྱད་དཔོག་ཐད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དཔྱད་ཞིབ་བྱ་རྒྱུ་མ་ཟད་ཞིང་ཆེན་དབར་དཔྱད་ཞིབ་བྱ་རྒྱུ་དང་ཆབས་ཅིག ཚན་ཞིབ་སྒྲིག་གཞིར་ཕྱོགས་གསུམ་པའི་དཔྱད་དཔོག་བྱ་རྒྱུའི་མངག་བཅོལ་བྱ་རྒྱུ་རེད། ས་གནས་ཁག་གི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པའི་ཐད་ངོ་བོ་གཏན་འཁེལ་བྱས་ཡོད་ལ་གྲངས་ཚད་ཀྱང་གཏན་འཁེལ་བྱས་ཡོད་ཅེས་གསུངས།
         ཁོང་གིས་ན་ནིང་སྒྲིག་འཛུགས་བྱས་པའི་ཕྱོགས་གསུམ་པའི་དཔྱད་ཞིབ་དཔྱད་དཔོག་འབྲས་བུ་ཕྱོགས་བསྡུས་བྱེད་བཞིན་ཡོད་པ་དང་ད་དུང་སྔར་བས་དབྱེ་ཞིབ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད། ལྷག་པའི་གནད་དོན་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་འབྲེལ་ཡོད་ས་ཁུལ་ལ་དག་ཐེར་ནན་ཏན་དང་ཐག་གཅོད་ནན་པོ་བྱེད་དགོས་པའི་བརྡ་ཐོ་གཏོང་རྒྱུ་རེད་ཅེས་གསུངས།
         ལིའུ་ཡུང་ཕུའུ་ཡིས་དུད་ཚང་དབུལ་པོ་ཁག་གཅིག་གི“དབུལ་ཞྭ”འབུད་འདོད་མི་བྱེད་པའི་གནད་དོན་ལ་ཨ་ལན་སློག་སྐབས། རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དུད་ཚང་དབུལ་པོ་བཅས་དབུལ་སྒྲོལ་ཐུབ་རྗེས་དབུལ་སྒྲོལ་འགག་སྒྲོལ་རིང་རྒྱལ་ཁབ་ཀྱི་ད་ཡོད་རོགས་སྐྱོར་སྲིད་ཇུས་མུ་མཐུད་ལོངས་སྤྱོད་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་རེད་ཅེས་གསུངས།
         ལིའུ་ཡུང་ཕུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་ནི་2020ལོའི་གོང་རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་དང་རྫོང་དབུལ་པོ་ཚང་མའི“དབུལ་ཞྭ”འབུད་ཐུབ་པ་བྱ་རྒྱུ་དེ་རེད། རྫོང་དབུལ་པོ་དབུལ་པོར་གྱུར་ཚད་2%བར་ཆག་པར་བྱེད་པ་དང་། མི་འབོར་དབུལ་པོ་དག་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་བྱེད་མི་དགོས་པ། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་བྱེད་དགོས་ན“དབུལ་ཞྭ”ཕུད་དགོས་ཞེས་གསུངས།
         ཁོང་གིས་ཕྱི་ཚུལ་རིང་ལུགས་དང“གྲངས་ཀའི་དབུལ་སྒྲོལ”དང“དབུལ་ཞྭ”འབུད་འདོད་མི་བྱེད་པའི་གནས་ཚུལ་རིགས་གཉིས་ཀ་ཡོ་བསྲང་བྱེད་དགོས། ཚད་གཞིར་སླེབས་ན་དབུལ་སྒྲོལ་བྱེད་དགོས་པ་དང་ཚད་གཞི་ལོན་མེད་ན་ཨུ་ཚུགས་ཀྱིས་དབུལ་སྒྲོལ་བྱེད་མི་རུང་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།