འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་མང་ཚོགས་ཀྱིས་ཆེད་ལས་
    ལུས་རྩལ་པ་དང་མཉམ་དུ་འགྲན་བསྡུར་དང་བྱ་དགའ་ལེན་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེན་ཅིང་གྲོང་ཁྱེར་གྱི་ཧྲེ་ཀྲང་ཝང་ཏུང་ཧྥིང་གིས། ཐེན་ཅིང་འཐུས་མི་ཚོགས་པའི་སྨྱན་སྦྱོར་བཅར་འདྲི་ཉིན་མོར་དེ་རིང་ནི་ཐེན་ཅིང་གིས་གཉེར་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཡིན་ལ་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་རྣམ་གྲངས་བཅུ་ལྷག་ཙམ་གསར་སྣོན་བྱས་ཡོད་པ་དེའི་ནང་ཝང་ཏུང་ཧྥུང་གིས་ཐན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཉིས་ཀྱིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་བཙུགས་ཤིང་། མིག་སྔར་ལུས་རྩལ་ཁང་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཚོ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ནས་དུས་བཀག་ལྟར་སྤུས་ཚད་འགན་ལེན་ངང་ལེགས་སྒྲུབ་ཡོང་རྒྱུ་དང་། བྱེད་སྒོའི་འགོ་ཚུགས་དང་མཇུག་འགྲིལ་གྱི་རིག་རྩལ་འཁྲབ་སྟོན་དང་སྣེ་ལེན་སྒྲིག་འཛུགས་ཀྱི་གྲ་སྒྲིག་ལས་ཀ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཐེན་ཅིན་རྩལ་འགྲན་ལུས་རྩལ་གྱི་འགྲན་བསྡུར་གྲ་སྒྲིག་ཕྱོགས་ཡོངས་ནས་སྤེལ་བ། དེ་མིན་སྟབས་བདེའི་གྲོན་ཆུང་མངོན་གསལ་དོད་པས་འགྲན་བསྡུར་སྤེལ་བའི་རྣམ་པ་གསར་པ་མངོན་པ་དང་། མཚམས་ཚད་ཆེ་ཤོས་ནང་མ་དངུལ་གཏོང་ཚད་གྲོན་ཆུང་བྱས་པར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།