འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་ལོ་ལྔའི་ནང་གཞི་ཁྱོན་ཅན་གྱི་གསོ་ཚགས་ཁེ་ལས་ཀྱི་སྦགས་བཙོག་གཙང་
    སེལ་གནད་དོན་སྤྱིར་ན་ཐག་གཅོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན། སྲིད་གྲོས་ཞིང་ལས་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས། ཞིང་ལས་ཀྱིས་ཆུ་ངོས་ཀྱི་སྦགས་བཙོག་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ལོ་ལྔའི་དུས་ཚོད་ནང་གཞི་ཁྱོན་ཅན་གྱི་གསོ་ཚགས་ཁེ་ལས་ཀྱི་སྦགས་བཙོག་གཙང་སེལ་གནད་དོན་སྤྱིར་ན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས།
         ཧན་ཁྲང་ཕུའུ་ཡིས་རང་རྒྱལ་གྱིས་ལོ་ལྟར་ལག་ཡོད་ཕག་པ་དང་བཤས་ཕག་མགོ་གྲངས་དུང་ཕྱུར་12དང་བྱ་རིགས་ཧ་ལམ་དུང་ཕྱུར་130ཡིས་སྦགས་བཙོག་ཤུགས་ཆེན་བཟོས་ཁར། ཚང་འཁྲུ་བར་ལོ་ལྟར་ཆུ་ཏུན་དུང་ཕྱུར་30ལྷག་ཙམ་མཁོ་གི་ཡོད་ཅེས་གསུངས།
         ཧན་ཁྲང་ཕུའུ་ཡིས། ཕྱུགས་རིགས་དང་བྱ་རིགས་ཀྱི་སྦགས་བཙོག་གཙང་སེལ་བྱ་རྒྱུ་དེ་འབྲོག་ལས་ཀྱི་འཕེལ་རྒྱས་དང་ཞིང་ལས་འཕེལ་རྒྱས་བརྟན་པོ་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་དང་ཡང་འབྲེལ་བ་ཡོད། ཞིང་ལས་སྡེ་ཚན་གྱིས་ཆུ་བོའི་རྒྱུད་ཀྱི་སྦགས་བཙོག་གཙང་སེལ་གྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་རྒྱུ་རེད། གཙོ་བོ་ཞིང་སྤྱོད་འདྲེན་ཆུ་ཚོད་འཛིན་དང་ཆུ་གྲོན་ཆུང་གི་ཞིང་ལས་ཁྱབ་གདལ་གཏོང་རྒྱུ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་དམའ་རུ་གཏོང་བ། ཞིང་འགེབས་འགྱིག་ཤོག་དང་། སོག་མ། ཕྱུགས་རིགས་དང་བྱ་རིགས་ཀྱི་སྦགས་བཙོག་སྤྱིར་ན་ཐོན་ཁུངས་ཅན་དུ་སྤྱོད་རྒྱུ་བཅས་ཚུད་ཡོད་ཅེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།