འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་མང་པོ་ཞིག་གིས་སྨན་སྦྱོར་མི་སྣའི་བཅའ་ཁྲིམས་འཛུགས་རྒྱུར་གང་
    མགྱོགས་སྐུལ་སྤེལ་བཏང་ནས་སྨན་གྱི་བདེ་འཇགས་འགག་སྒོ་ནན་པོ་
    སྲུང་དགོས་པའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ད་ཆ་མི་སེར་ཚོར་བཟའ་བཅའི་བདེ་འཇགས་གནད་དོན་འཕྲད་པ་མ་ཟད། སྨན་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལའང་སྔོན་འགོག་བྱེད་དགོས་ཤིང་། སྨན་སྤྱོད་བདེ་འཇགས་ཀྱི་འགག་སྒོ་སྲུང་མཁན་རྒྱལ་ནང་གི་སྨན་སྦྱོར་མི་སྣ་ཁྲི་80ཡི་ནུས་པ་ཤིན་ཏུ་ཆེ་མོད། འོན་ཀྱང་ད་ཆ་སྔར་བཞིན་ལས་སྒྲུབ་བྱེད་པར་བརྩི་སྲུང་བྱེད་སའི་ཁྲིམས་མེད་པའི་གནས་སུ་གྱར་བས། སྨན་སྦྱོར་མི་སྣའི་བཅའ་ཁྲིམས་འཛུགས་རྒྱུར་གང་མགྱོགས་སྐུལ་སྤེལ་གཏོང་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཉིང་ཞ་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་སུན་ཐའོ་ཡིས་གྲོས་འགོ་དེ་ལྟར་བཏོན་གནང་བ་རེད།
         འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཁང་ཨེན་པའེ་ཚོགས་པའི་ཏུང་ཧྲི་ཀྲང་ཧུའུ་ཅི་ཆང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧུའེ་རུའེ་སྨན་བཟོ་གྲྭའི་ཀྲུང་གོའི་ཁེ་ལས་བྱ་གཞག་པུའི་སྤྱི་ཁྱབ་ལྟ་ཞིབ་པ་ཧྥུང་ཏན་ལུང་གིས་སྨན་སྦྱོར་མི་སྣའི་བཅའ་ཁྲིམས་འཛུགས་རྒྱུར་སྣང་ཆེན་དང་གང་མགྱོགས་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།
         “སྨན་སྦྱོར་མི་སྣ་ནི་སྨན་ཁང་གི་སྨན་བདེ་འཇགས་ངང་བེད་སྤྱོད་པའི་འགག་སྒོ་སྲུང་མཁན་ཞིག་དང་། སྨན་པའི་སྨན་ཐོ་དང་སྨན་བེད་སྤྱོད་པའི་མངགས་བྱར་ཞིབ་དཔྱད་བྱེད་མཁན་ཞིག་རེད་ལ། སྨན་མི་འཕྲོད་པར་ལྟ་ཞིབ་ཚད་ལེན་བྱེད་མཁན་དང་སྙན་ཞུ་འབུལ་མཁན་ཡང་ཡིན་པ་མ་ཟད། ནད་པས་སྨན་ལུགས་མཐུན་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་མཁན་དང་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཚོད་འཛིན་དང་། སྨན་ལུགས་མཐུན་ངང་སྤྱོད་པ། སྨན་བདེ་འཇགས་ངང་སྤྱོད་པ་བཅས་ཀྱི་ཕུགས་འདེད་ལམ་སྲོལ་གྱི་སྒོ་སྲུང་བ་དེ་བས་ཡིན་པས། སྨན་སྦྱོར་མི་སྣ་ནི་སྨན་པ་དང་ནད་པའི་འཆམ་མཐུན་འབྲེལ་བ་འཛུགས་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པར་སུས་ཀྱང་ཚབ་བྱེད་ཐབས་བྲལ་བའི་སྟོབས་ཤུགས་ཤིག་རེད”ཅེས་སུན་ཐའོ་ཡིས་གསུངས།
         སུན་ཐའོ་ཡིས། ང་ཚོས་གང་མགྱོགས་སྨན་སྦྱོར་མི་སྣའི་བཅའ་ཁྲིམས་བཟོ་བ་དང་བཏོན་ནས་སྨན་སྦྱོར་མི་སྣའི་ལམ་ལུགས་དང་ཞུགས་འཐུས་ཚད་གཞི་གཅིག་འགྱུར་བཟོ་བ་དང་། སྨན་སྦྱོར་མི་སྣའི་བཅའ་ཁྲིམས་གནས་བབ་དང་འགན་དབང་ཁེ་གསུམ་ཁ་གསལ་བཟོ་བ། སྨན་ལུགས་མཐུན་སྤྱོད་པ་དང་མི་སེར་གྱི་སྨན་སྤྱོད་རྒྱུ་བདེ་འཇགས་ཡོང་རྒྱུར་འགན་ལེན་བཅས་བྱས་ནས་དམངས་ཡོངས་བདེ་ཐང་ཡོང་རྒྱུ་མངོན་འགྱུར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཕྱིར་འགན་སྲུང་བྱེད་དགོས་ཞེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།