འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་ཨུ་ཡོན་གྱིས་བདེ་ཐང་ཀྲུང་གོ་བསྐྲུན་པར“འགོ་འཛུགས་ས་ནས་རྒྱལ་ཁ་ཐོབ་པ་
    བྱེད་པའི”གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2016ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“བདེ་ཐང་གི་ཀྲུང་གོ་2030ལོའི”འཆར་འགོད་རྩ་གནད་》པར་འགྲེམས་བྱས་ནས་བརྡ་ཐོ་བཏང་བ་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྩ་གནད་ནང་བདེ་ཐང་སློབ་གསོ་དང་རང་བདག་རང་གཅུན་གྱི་སྐྱོན་བྲལ་བྱ་སྤྱོད་གཏོད་ཤུགས་ཆེ་རུ་གཏོང་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་པ་དང་ཆབས་ཅིག་མང་ཚོགས་ཚོར་སྤུས་ལེགས་ཕན་ཆེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         དེའི་ཐད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་དབྱི་མིན་དང་ཀྲའོ་ཏུང་ཁོ་ཡིས་བདེ་ཐང་ཀྲུང་གོ་བསྐྲུན་པར“འགོ་འཛུགས་ས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས”ཞེས་གསུངས་ཤིང་། ཕྱོགས་གཅིག་ནས་རང་རྒྱལ་གྱི་གསོ་རིག་ཚན་ཁག་སློབ་གླིང་དང་སློབ་གྲྭར་སློབ་མ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བྱང་ཚད་མཐོ་བའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མའི་དུས་མཚམས་ནས་སྤྱི་དམངས་ཚང་མར་བདེ་ཐང་གི་བྱང་ཚད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཚོས་བདེ་ཐང་ཐད་དེ་བས་ཚན་རིག་དང་མཐུན་ལ་དེ་བས་འཐུས་སྒོ་ཚང་བའི་ངོས་འཛིན་ཐུབ་པ་བྱེད་དགོས།
         ཨུ་ཡོན་ཀྲའོ་དབྱི་མིན་ནི་དམག་མིའི་སྨན་ཁང་བཞི་པའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞིག་ཡིན་ཞིང་། ཁོང་གིས་རང་ཉིད་སྨན་པ་ཡིན་ལ་སློབ་གསོའི་ལས་དོན་པ་ཞིག་ཀྱང་ཡིན་པས། གསོ་རིག་སློབ་གསོ་ནི་བདེ་ཐང་ཀྲུང་གོའི་ཆེས་གལ་ཆེའི་ལྷུ་ཚིགས་ཤིག་རེད་ཅེས་གསུངས་་པ་རེད།
         ཀྲའོ་དབྱི་མིན་གྱིས། “ལོ་དེ་དག་རིང་རང་རྒྱལ་གྱི་གསོ་རིག་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་སྟེ་གསོ་རིག་སློབ་གླིང་དང་སློབ་གྲྭ་འཕེལ་རྒྱས་བྱུང་ནས་ང་ཚོའི་རྒྱལ་ཁབ་ལ་སྨན་པ་ཁྲི་བརྒྱ་གྲངས་གསོ་སྐྱོང་བྱས་ཡོད་ལ། རང་རྒྱལ་ལ་གསོ་རིག་ཐད་ཀྱི་གནད་དོན་འབོར་ཆེན་ཐག་གཅོད་ཀྱང་བྱས་ཡོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ཚེ། ཉེ་བའི་ལོ་ཤས་རིང་ང་ཚོའི་གསོ་རིག་སློབ་གསོའི་སྤུས་ཚད་ཞན་དུ་འགྲོ་བའི་རྣམ་པ་ཐོན་ནས་ང་ཚོའི་གསོ་རིག་ཚན་ཁག་གི་སློབ་གླིང་དང་སློབ་གྲྭར་སློབ་མ་གསོ་སྐྱོང་བྱེད་ནུས་ཆུང་དུ་ཕྱིན་ཡོད”ཅེས་གསུངས་པ་རེད།
         ཀྲའོ་ཏུང་ཁོ་ཡིས་རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་བདེ་ཐང་བྱང་ཚད་དེ་སློབ་གསོའི་དུས་མཚམས་ཚང་མའི་ནང་བཅུག་སྟེ། སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། སློབ་ཆེན་བཅས་སློབ་གསོའི་དུས་མཚམས་ཚང་མར་དེ་མཚུངས་ཀྱི་འཆར་གཞི་བཟོས་ནས། བདེ་ཐང་བྱང་ཚད་ཀྱི་གཞི་རྩའི་ཤེས་བྱ་དང་རྩལ་ནུས་ཁྱབ་པར་བྱས་ཏེ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་བཏང་ཁར་སྤྱི་དམངས་ཀྱི་བདེ་ཐང་བྱང་ཚད་མགྱོགས་མྱུར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
         གཞན་ཡང་ཀྲའོ་ཏུང་ཁོ་ཡིས། མིག་སྔར་སྨྱན་སྦྱོར་ཚན་པ་ཁག་དང་ལྷག་པར་དུ་དྲ་རྒྱའི་ཐོག་ནོར་འཁྲུལ་དང་རྫུན་བཟོའི་བདེ་ཐང་ལུས་གསོའི་ཤེས་བྱ་ཧ་ཅང་མང་པོ་ཡོད་པས་སྤྱི་དམངས་ཀྱི་བདེ་ཐང་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། དེར་བརྟེན་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་ས་གནས་སྲིད་གཞུང་དང་། སྨྱན་སྦྱོར། སྤྱི་ཚོགས་ཚོགས་པ་སོགས་ཀྱི་སྟོབས་ཤུགས་གང་མགྱོགས་སྐུལ་སློང་བྱས་ནས་ཡང་དག་པའི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་དང་དྲིལ་བསྒྲགས་བྱས་ཏེ་བདེ་ཐང་དེ་སྤྱི་དམངས་ཀྱི་འཚོ་བའི་ནང་དངོས་འབྲེལ་ཁྱབ་ཐུབ་པའི་སྤྱི་ཚོགས་ཀྱི་རིག་གནས་ཤིག་ཏུ་གྱུར་བ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།