འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་ལོ་རྒྱུས་རྗེས་ཤུལ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཁྱེད་རང་ཕེབས་པས་ཡག་པོ་བྱུང”ཞེས་ཧོ་ལན་གྱི་གྲགས་ཅན་ལོ་རྒྱུས་རིག་པ་མཁས་ཅན་པའོ་ལེ་ཧྲིའི་ཁྱིམ་དུ་འཛུལ་མ་ཐག་གཟུགས་སྟོབས་ཆེ་ལ་དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་དེས་སྨྱུག་འཛིན་པ་ཁོང་གི་དེབ་ཁང་དུ་གདན་དྲངས་ནས་མངོན་གསལ་དོད་སར་བཞག་པའི་གསེར་མདོག་གི་བྱ་དགའི་རྟགས་མ་ཞིག་ལ་མཛུབ་མོ་བཙུགས་ནས“རྟགས་མ་དེ་ངས་ཡུན་རིང་པོ་སྒུག་པ་ཡིན། ཁས་ས་གཞི་ནས་བསྐྱལ་བྱུང་ཞེས་གསུངས”རྟགས་མ་དེའི་ཐོག་རས་དམར་གྱི་པ་ཊ་བརྒྱབ་ཡོད་པ་དང་རྟགས་མའི་འོག་ཏུ་ཡི་གེ་དམར་པོ་ཆེན་པོ་འགའ་ཞིག་འཁོད་པ་ནི་ཀྲུང་ཧྭ་ཡི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཞེས་པ་དེ་ཡིན།
         པའོ་ལེ་ཧྲི་ཞེས་པ་དེ་ཧོ་ལན་ལའེ་ཏུན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལུན་ན་ཏེ·པུའུ་ལེ་སིའི་རྒྱ་ཡིག་གི་མིང་ཡིན་པ་དང་། ཁོང་དགུང་ལོ་26ལ་ཕེབས་སྐབས་རྒྱ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་པ་དང་། དགུང་ལོ་40ལ་ཕེབས་སྐབས་ལོ་རྒྱུས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་པ་དང་། དེ་སྔོན་ཨ་རིའི་ཧ་ཕུའུ་སློབ་ཆེན་དང་ཕུའུ་ལིན་སི་ཏུན་སློབ་ཆེན་དུ་སློབ་ཁྲིད་གནང་མྱོང་ཡོད། ཁོང་གིས་རྒྱལ་ཁབ་མང་པོའི་ཡི་གེ་ཤེས་ཀྱི་ཡོད་པ་དང་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་པ་མ་ཟད། གནའ་བོའི་རྒྱག་ཡིག་ལའང་ཞིབ་འཇུག་གནང་མྱོང་ཡོད།
         པའོ་ལེ་ཧྲི་ཡུན་རིང་ཨེ་ཤེ་ཡའི་ལོ་རྒྱུས་ལ་ཞིབ་འཇུག་གནང་གི་ཡོད་པ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ནང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁོང་གིས་ཡུན་རིང་ལུས་པའི་ལོ་རྒྱུས་ཀྱི་ཡིག་ཚགས་ཁྲོད་ནས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཕྱི་ཁོངས་ཀྲུང་གོ་བའི་དུས་རབས་17དང་18རིང་གི་འཚོ་བ་སྐྱེལ་སྟངས་གསེད་བཀྲོལ་གནང་ནས་མི་ཚོར་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བས་ཨེ་ཤེ་ཡ་ཤར་ལྷོའི་ལོ་རྒྱུས་འཕོ་འགྱུར་ཁྲོད་དམིགས་བསལ་གྱི་ལེགས་སྐྱེས་ཇི་འདྲ་ཕུལ་མིན་ཤེས་སུ་བཅུག་ཡོད། ཁོང་གི་གྲུབ་འབྲས་ལས་ཨེ་ཤེ་ཡའི་ལོ་རྒྱུས་ཞིབ་འཇུག་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་ཀྱང་ཁས་ལེན་གང་ལེགས་གནང་བ་རེད།
         པའོ་ལེ་ཧྲི་ཡི་འབྲི་སྟེགས་ཐོག་ཚོད་གཞི་ལོག་པའི་ཡིག་ཚགས་ཀྱི་དཔྱད་གཞི་འགའ་ཡོད་པ་དེ་ནི་ཡིག་སྐད་ཀྱི་རྩོམ་ཡིག་ཡིན། པའོ་ལེ་ཧྲི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཡིག་ཚགས་དེ་དག་ནི་པ་ཏ་ཝུའེ་ཡའི་(ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་སྔ་མིང)ཕྱི་ཁོངས་ཀྲུང་གོ་བའི་གཟིམ་ཤག་གི་དུས་རབས་17དང་18ཀྱི་ལོ་རྒྱུས་ཟིན་ཐོ་ཡིན་པ་དང་ལྗིད་ཚད་ཁྱོན་སྤྱི་རྒྱ་600ལྷག་ཙམ་ཡོད་ཅིང་། ཁོང་དང་ཤ་མོན་སློབ་ཆེན་གྱི་ལས་རིགས་གཅིག་པས་རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞི་དེ་དག་ལ་གཞིགས་ནས་《རྙོག་ཅན་གྱོད་གཞིའི་དེབ་》ཁག་14པར་སྐྲུན་གནང་བ་རེད། “ང་ཚོས་ད་ལྟ་ལོ་རྒྱུས་ཀྱི་དཔེ་ཚོགས་མཇུག་ཤོས་དེ་རྩོམ་འབྲི་བྱེད་བཞིན་ཡོད་པས་2017ལོར་པར་སྐྲུན་བྱ་རྩིས་ཡོད”པའོ་ལེ་ཧྲིས་སྔ་དུས་ཀྱི་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་ནི་ལོ་རྒྱུས་རིག་པའི་ལས་རིགས་ཀྱིས་དོ་སྣང་མ་བྱུང་བའི་ཚོགས་སྤྱི་ཞིག་ཡིན། ཁོང་ཚོའི་ལོ་རྒྱུས་ཀྱི་བྱས་རྗེས་ལ་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་གདེང་འཇོག་ཐོབ་མེད་པས“ང་ཚོས་ལོ་རྒྱུས་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་ཡིག་ཚགས་དེ་དག་ལེགས་སྒྲིག་བྱས་པ་བརྒྱུད་མི་ཚང་མས་ཁོང་ཚོ་ངེས་པ་བྱ་རྒྱུ་ལས་སྔར་བཞིན་སྣང་མེད་དང་ཐ་ན་གོ་ནོར་གཏན་ནས་ཐེབས་མི་རུང”ཞེས་གསུངས།
         པའོ་ལེ་ཧྲིས་སྔ་དུས་ཀྱི་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པ་དང། རང་ངོས་ཀྱི་འབད་བཙོན་ལ་བརྟེན་ནས་ས་གནས་དེ་གའི་དཔལ་འབྱོར་ལ་གསོན་ཤུགས་འཕེལ་བར་བྱས་པ་མ་ཟད། བློ་གྲོས་ལ་བརྟེན་ནས་ས་གནས་དེ་གའི་རིག་གནས་ཕུན་སུམ་ཚོགས་སུ་བཏང་སྟེ་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་ཀྱི་གྲོང་ཁྱེར་མང་པོར་ཀྲུང་གོའི་རིག་གནས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་ཅེས་གསུངས།
         དགུང་ལོ་70ལ་ཕེབས་ཀྱང་པའོ་ལེ་ཧྲིས་ད་དུང་དེབ་འགའ་ཤས་འབྲི་རྩིས་ཡོད་པ་རེད། “ཧོ་ལན་རྒྱལ་ཁབ་ཀྱི་ཡིག་ཚགས་ཁང་དུ་ཨེ་ཤེ་ཡའི་ཡིག་ཚགས་སྣ་ཁ་འཛོམས་པོ་ཉར་ཚགས་བྱས་ཡོད་པ་དང་། ཡིག་ཚགས་ཀྱི་སྒྲོམ་སྟེགས་སྒྲིག་ཚེ་རིང་ཚད་སྤྱི་ལེ་1.5ཙམ་ཡོད། ངས་ད་དུང་ཧ་ཅང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དེ་དག་ནང་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་འཚོལ་འདོད་ཡོད་ཅེས”གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།