འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཚོགས་ཆུང་ཚང་
    མ་བཅའ་སྡོད་བྱས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཚོགས་ཆུང་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཀྲུང་གོ་ཞིང་ལས་སློབ་ཆེན་སོགས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་29ཡི་ཏང་ཨུད་ལ་བཅའ་སྡོད་བྱས་ཏེ་ཆེད་དོན་སྐོར་གཟིགས་བྱས་པ་དང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སི་བཅས་ཚན་པ་4རུ་བཅའ་སྡོད་བྱས་ཏེ“སྐབས་བསྟུན་རྣམ་པའི”སྐོར་གཟིགས་ལས་དོན་ཚོད་ལྟ་བྱས་ནས་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ད་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཚོགས་ཆུང་ཚང་མ་བཅའ་སྡོད་བྱས་ཟིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཆེད་དོན་སྐོར་གཟིགས་བྱ་ཡུལ་ཚན་པར་ཟླ་བ་2ཡས་མས་དང་། “སྐབས་བསྟུན་རྣམ་པའི”སྐོར་གཟིགས་བྱ་ཡུལ་ཚན་པར་ཟླ་1ཡས་མས་ཀྱི་སྐོར་གཟིགས་བྱ་རྒྱུ་དང་། སྐོར་གཟིགས་བྱེད་རིང་ཁག་སོ་སོར་ཆེད་མངགས་ལས་རེས་ཁ་པར་དང་ཆེད་མངགས་སྦྲག་སྲིད་ཡིག་སྒམ་བཟོ་རྒྱུ་ཡིན་པ་རེད། སྐོར་གཟིགས་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས། སྐོར་གཟིགས་བྱ་ཡུལ་ཚན་པའི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་འོག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་བ་གཙོ་བོ། ལས་གནས་གལ་ཆེའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་གྱི་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་གཙོ་བོ་བྱ་རྒྱུ་ཡིན་ཞིང་། གཙོ་གནད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ཀྱི་ཐེར་འདོན་གོང་ཞུའི་སྐོར་རེད། སྐོར་གཟིགས་ཚོགས་ཆུང་གི་བདག་སྤྲོད་ཁྱབ་ཁོངས་སུ་མ་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་རིགས་གཏན་འབེབས་གཞིར་བཟུང་སྐོར་གཟིགས་བྱ་ཡུལ་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།