འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རྒྱལ་ཡོངས་ཀྱིས་ནགས་གསོ་སྤྱི་ཆིངས་ཁྲི་678.8བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2016ལོར་རང་རྒྱལ་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་ནགས་གསོ་སྤྱི་ཆིངས་ཁྲི་678.8བྱས་པ་དང་ནགས་ཚལ་སྤྱི་ཆིངས་ཁྲི་836.7གསོ་སྐྱོང་བྱས་པས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་གཞག་ལ་གྲུབ་འབྲུས་གསར་པ་ཐོབ་ཡོད།
           རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས་ཚེས་11ཉིན་ཡོངས་བསྒྲགས་བྱས་པའི་《2016ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་》ལས་ན་ནིང་《རྒྱལ་ཡོངས་ཀྱི་ནགས་གསོ་སྔོ་འགྱུར་གྱི་འཆར་འགོད་རྩ་གནད་(2016—2020ལོ)》བཏོན་ནས་ས་གནས་ཁག་གིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གང་མགྱོགས་སྤེལ་ཡོད་ལུགས་མངོན་པ་དཔེར་ན། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་ཀྱིས་ཐུན་མོང་ཐོག་སྣོད་བཅུད་སྔོན་ལ་ཚད་བརྒལ་ཡོང་བ་འཕེལ་རྒྱས་བཏང་ནས་པེ་ཅིང་དང་ཐེན་ཅིང་གིས་སྣོད་བཅུད་སྲུང་སྐྱོང་གི་བར་བརྒལ་ས་ཁུལ་དུ་ནགས་གསོ་སྤྱི་ཆིངས་ཁྲི་6.7བྱས་ཏེ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་དོན་ལྟེ་བའི་ཁུལ་གྱི་སྔོ་འགྱུར་འདུ་འགོད་ཚད་གཞི་མཐོ་པོས་ལག་བསྟར་བྱས་པ་དང་། ཧོ་པེ་ཞིང་ཆེན་གྱིས་ནགས་གསོ་སྤྱི་ཆིངས་ཁྲི་34.8བྱས་པ་དེ་ནི་ཉེ་བའི་ལོ་ཤས་རིང་ནགས་གསོ་བྱས་མང་ཤོས་ཀྱི་ལོ་ཞིག་རེད། སི་ཁྲོན་ཞིང་ཆེན་གྱིས“སི་ཁྲོན་ཡོངས་སུ་གཞི་ཁྱོན་ཆེ་བའི་སྔོ་འགྱུར་བྱ་སྤྱོད”སྤེལ་ནས་ནགས་གསོའི་ལས་འགན་ལེགས་སྒྲུབ་བྱས་པར་རྒྱལ་ཁབ་ཀྱི་འཆར་གཞིའི་ལྡབ་གཉིས་ཡིན་པ་རེད།
          རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་འདུ་འགོད་ལག་བསྟད་བྱེད་པའི་ཐད་ན་ནིང་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ཀྱིས་ནགས་གསོ་སྤྱི་ཆིངས་ཁྲི་25.6བྱས་པ་དང་། སྡོང་ཆུང་དང་སྡོང་འབྲིང་སྤྱི་ཆིངས་ཁྲི་175.3གསོ་སྐྱོང་བྱས་ནས་ནགས་ཚལ་སྤྱི་ཆིངས་དུང་ཕྱུར་1.15སྲུང་སྐྱོང་ནུས་ལྡན་བྱས་པ་དང་། རྨོ་བསྐྱུར་ནགས་གསོའི་འདུ་འགོད་ཀྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་སྤྱི་ཆིངས་ཁྲི་100.7བྱས་ནས་ནགས་གསོ་སྤྱི་ཆིངས་ཁྲི་79.6ལེགས་སྒྲུབ་བྱས་པ། པེ་ཅིང་དང་ཐེན་ཅིང་གི་བྱེ་རླུང་འབྱུང་རྩ་བཅོས་སྐྱོང་འདུ་འགོད་ཀྱིས་ནགས་གསོ་སྤྱི་ཆིངས་ཁྲི་25.1ལེགས་སྒྲུབ་བྱས་ནས་འདུ་འགོད་དེས་བྱེ་མ་སྤྱི་ཆིངས་ཁྲི་9800འཇགས་པ། རང་རྒྱལ་གྱི་ནུབ་བྱང་དང་། ཧྭ་བྱང་། བྱང་ཤར་བཅས་དང་དེ་བཞིན་འབྲི་ཆུའི་རྒྱུད་སོགས་གཙོ་གནད་ནགས་ཚལ་སྲུང་སྐྱོང་མ་ལག་འདུ་འགོད་ཀྱིས་ནགས་གསོ་སྤྱི་ཆིངས་ཁྲི་117.3ལེགས་སྒྲུབ་བྱས་བཅས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།