འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རང་ཚུགས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་ARJ21རྟགས་ཅན་གྱི་གནམ་
    གྲུ་མཚོ་བོད་ས་མཐོར་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་28ཉིན་ནས་བཟུང་ཀྲུང་གོས་རང་ཚུགས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་ARJ21—700རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ས་བབ་མཐོ་ཚད་སྨི་2184ཟིན་པའི་ཟི་ལིང་ཚའོ་ཅ་ཕུའུ་གནམ་ཐང་དུ་ཚོད་ལྟའི་འཕུར་སྐྱོད་བྱེད་འགོ་ཚུགས་ཤིང་། དུས་ཡུན་ཉིན་7ནང་ས་མཐོའི་ཚན་རིག་ཞིབ་འཇུག་གི་ཚོད་ལྟའི་འཕུར་སྐྱོད་ཐེངས་16བྱས་པ་དང་འབྲེལ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་བཟོ་རྟགས་འདིའི་འགྲུལ་སྐྱེལ་གནམ་གྲུར་ས་མཐོའི་ཁོར་ཡུག་ཏུ་བདེ་་འཇགས་ངང་འཕུར་སྐྱོད་ཐུབ་པའི་ནུས་པ་ལྡན་པ་མཚོན་གྱི་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།