འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད”བྱས་པ་དེས་ཀྲུང་གོའི་སྤྱི་ཚོགས་བཅོས་
    སྐྱོང་གང་ལེགས་བྱ་རྒྱུར་ཕན་པ་བྱུང་བ།

    —ཀྲུང་གོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་བའི་ཐད་ཕྱི་རྒྱལ་དུ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         “རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཁག་དང་དེ་བཞིན་དམིགས་བཙུགས་ས་གནས་ཀྱིས་ལག་བསྟར་བྱེད་པའི་ཞིབ་མཆན་འགོད་པའི་དོན་གནད་165མེད་པ་བཟོས་པ་དང་། ཞིབ་མཆན་འགོད་པའི་མཚམས་སྦྱོར་ཞབས་ཞུའི་དོན་གནད་192དང་ལས་རིགས་ཐོབ་ཐང་གི་ཆོག་འཐུས་ངོས་འཛིན་དོན་གནད་220གཙང་བཤེར་ཚད་ལྡན་བཟོས་པ་སོགས”ཐད་རི་པིན་གྱི་ཨའེ་ཀྲེ་སློབ་ཆེན་རྒྱལ་སྤྱིའི་ཀྲུང་གོའི་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་པོ་ཡིས་འདས་པའི་ལོ་གཅིག་རིང་ཀྲུང་གོ་སྲིད་གཞུང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་སྤེལ་གཏོང་བའི་བྱ་ཐབས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
         ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྲིད་གཞུང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དོ་དམ་ཟུང་འབྲེལ། ཞབས་ཞུ་སྒྱུར་བཅོས་ལེགས་སྒྲིག་བཅས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་པ་མ་ཟད། སྲིད་གཞུང་གི་འགན་ནུས་བསྒྱུར་བའི་འགག་རྩར་ཡང་བརྩིས་ཏེ་ལས་དོན་སྒྲུབ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་རྒྱུན་མཐུད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་དཔལ་འབྱོར་ཕྱོགས་བསྒྱུར་རིམ་སྤོར་དང་། ལས་ཞུགས་ཆེར་གཏོང་། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་བཅས་ཡོང་བར་སྐུལ་མ་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
         འདི་ལོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྐོར་ལ་རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་བྱེད་པ་དང་གླེང་མང་བའི་གྲས་ཤིག་ཏུ་གྱུར་ཡོད། ཕྱི་གླིང་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ནི་ཀྲུང་གོ་སྲིད་གཞུང་གིས་དཔལ་འབྱོར་དུས་བབ་ཀྱི་འགྱུར་ལྡོག་གསར་པར་ཕྱོགས་པའི་སྲིད་ཇུས་ཀྱི་གདམ་ག་ཡང་དག་ཅིག་ཡིན། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་དང་། དེ་བཞིན་སྲིད་གཞུང་གི་ནུས་པ་དེ་བས་ལེགས་ཐོན་པ་བྱེད་པར་ངེས་པར་དུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་པའི་ངོས་འཛིན་ཡོངས་ཁྱབ་ངང་བྱེད་ཀྱི་ཡོད།
        “དཔལ་འབྱོར་འཕེལ་རྒྱས་འགྲོ་རིང་གི་འགྲན་སློང་དང་འཕོ་འགྱུར་གསར་པར་ཁ་གཏད་གཅོག་ཆེད། བཅོས་སྐྱོང་བྱེད་ཐབས་ཀྱང་དེ་མཚུངས་སུ་གསར་བརྗེས་བྱེད་དགོས། ཀྲུང་གོ་སྲིད་གཞུང་ལ་དེའི་ཐད་ཤེས་པ་ཟབ་མོ་ཡོད་པ་དང་ཆབས་ཅིག་དེས་འགན་འཁྲི་འཁུར་བའི་རྣམ་འགྱུར་ཐོག་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད”ཅེས་རྒྱ་གར་གྱི་ལྟ་ཞིབ་པའི་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་འབོམ་འབེལ་ས་ཁུལ་གྱི་ཀྲུའུ་ཞི་ཁུའར་ཁ་ཉིས་བརྗོད་པ་རེད།
         དབྱི་སི་ཐན་པོར་གསོ་རིག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་གཞོན་པ་ཧ་ཏི་ཅེ་·ཁ་ལ་ཧན་གྱིས་ཀྲུང་གོའི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་བྱུང་བ་དང་བསྟུན་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སོགས་ཚུད་པའི་སྒྱུར་བཅོས་བྱ་ཐབས་ལས་བཅོས་སྐྱོང་བྱ་རྒྱུ་སྔར་བས་དེང་རབས་ཅན་དུ་འགྱུར་ཡོད།
         ཕྱི་གླིང་བའི་ངོས་ནས་བརྗོད་ན། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག ཀྲུང་གོའི་དཔལ་འབྱོར་དལ་ལ་བརྟན་པོ་དང་བརྟན་ལ་ལེགས་པའི་འཕེལ་ཚུལ་མངོན་པ་དེར་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྒྱུར་བཅོས་ལས་ནུས་པ་གལ་ཆེན་ཐོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         མོ་ཞི་ཁོའི་དབྱི་པི་ལི་ཡ་ཨ་མེ་རི་ཁ་གླིང་སློབ་ཆེན་ཨེ་ཤེ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་མན་ཏོ་·ཨ་སུའུ་ཡས་ཀྲུང་གོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་བ་དེས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་ལས་སྲིད་གཞུང་གི་སྡེ་ཚན་དང་སྒྲིག་གཞི་ཁུ་བསྡུ་དང་། སྲིད་འཛིན་ལས་ཕྱོད་དང་ཞབས་ཞུའི་འདུ་ཤེས་ཆེར་གཏོང་། ཁྲོམ་རའི་འགྲན་ནུས་ཆེར་གཏོང་། ཁེ་ལས་ཀྱི་གསར་གཏོད་སྒུལ་ཤུགས་ཆེར་གཏོང་བཅས་མཚོན་གྱི་ཡོད་པའི་ངོས་འཛིན་བྱས་པ་རེད།
         ལི་པོ་ཡིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དེས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། ནོར་སྲིད་ཀྱི་ཁུར་པོ་ཡང་དུ་གཏོང་བ། སྲིད་འཛིན་གྱི་མ་གནས་གྲོན་ཆུང་བཅས་ཐད་ཕན་ཐོགས་ཡོད་ལ། ས་གནས་ཁག་ལ་རང་ངོས་ལེགས་སྒྲིག་བྱེད་པའི་བར་སྟོང་ཡང་བྱུང་ནས་རང་ངོས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་འཚམ་པོ་ཞིག་འཚོལ་ཞིབ་ཐུབ་ཡོད་ཅེས་བརྗོད་པ་རེད།
         ཕྱི་ཕྱོགས་མ་དངུལ་གྱི་ངོས་ནས་བརྗོད་ན། ཀྲུང་གོའི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྒྱུར་བཅོས་ནི་ཧ་ཅང་བཟང་པོ་ཞིག་ཡིན་པ་གདོན་མི་ཟ། ཨེ་ཅེབ་ཀྲུང་ཨེ་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཏི་ཡ་·ཧྥེ་ཅི་ཡིས་ཀྲུང་གོ་སྲིད་གཞུང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བྱ་ཐབས་ལག་ལེན་བསྟར་བ་དེས་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཏེ་ཕྱི་རྒྱལ་ཁེ་ལས་ཀྱི་ཡིད་དབང་འཕྲོག་ནས་ཀྲུང་གོར་མ་འཇོག་དང་ལས་སྒོ་རྒྱ་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད། “ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པའི་ཀྲུང་གོའི་ཉམས་མྱོང་དེ་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱེད་མཁན་ཨེ་ཅེབ་སྲིད་གཞུང་གིས་སློབ་སྦྱོང་བྱེད་རིན་ཡོད”ཅེས་གསུངས་པ་རེད།
         ཀྲུང་གོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་བཏང་བ་དེས་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། “ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ཀྲུང་གོའི་ཁྲོམ་ར་དར་རྒྱས་བྱུང་བ་དེས་ཕྱི་རྒྱལ་གྱི་ཁེ་ལས་དང་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ལ་གོ་སྐབས་བྱུང་ཡོད”ཅེས་ཨ་སུའུ་ཡ་ཡིས་བརྗོད་པ་རེད།
          དབྱི་རན་ཀེ་སི་ཐན་ཉོ་ཚོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧ་ལེ་ཕུའུ་ན་ཡིས“ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ་དེས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་འགྲོ་ཐུབ་པ་དེ་ནི་དབྱི་ལང་ཁེ་ལས་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། ད་ཆ་དབྱི་རན་གྱི་ལས་རིགས་ཁག་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དམ་ཟབ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླས་ཀྱང་སྲིད་ཇུས་དེའི་ལེགས་ཆ་གང་ལེགས་སྤྱོད་ཐུབ་པ་བྱུང་བ་དགའ་སྤྲོའི་ངང་མཐོང་ཐུབ”ཅེས་བརྗོད་པ་རེད། “ཀྲུང་གོའི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྒྱུར་བཅོས་ཀྱིས་དབྱི་རན་གྱི་ཁེ་ལས་ལ་ཕན་ཐོགས་བྱུང་ཡོད། ང་ཚོའི་ཉོ་ཚོང་རོགས་ཟླའི་ཁུར་པོ་ཡང་དུ་ཕྱིན་ཚེ་ང་ཚོའི་དབར་གྱི་མཉམ་ལས་ལས་ཕྱོད་དེ་བས་ཆེ་རུ་དང་ཕན་འབྲས་དེ་བས་ལེགས་པ་ཐོན་ཐུབ་རྒྱུ་རེད”ཅེས་ཧ་ལེ་ཕུའུ་ན་ཡིས་བརྗོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།