འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་གཉིས་ལ་ཞབས་འདེགས་ཞུ་བའི་མི་རིགས་ལོ་ཙཱ་ཚོགས་ཆུང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཚོགས་ཆེན་གཉིས་ལ་ཞབས་འདེགས་ཞུ་བའི་མི་རིགས་ལོ་ཙཱ་ཚོགས་ཆུང་།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བཙུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ལོ་ཙཱཚོགས་ཆུང་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁྲུའུ་ཡི་བཙུགས་པའི་མི་རིགས་སྐད་ཡིག་ལོ་ཙྰ་ཚོགས་ཆུང་གིས་ཚོགས་ཆེན་གྱི་མི་རིགས་ཀྱི་སྐད་ཡིག་ལོ་ཙཱ་བྱ་བ་འགན་ལེན་འཁུར་བཞིན་ཡོད་པ་རེད།
         ཁོང་ཚོའི་ལས་འགན་གཙོ་བོ་སྟེ། སོག་ཡིག བོད་ཡིག ཡུར་གུའི་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་ཡི་གེ དབྱིས་ཡིག ཀྲོང་ཡིག་བཅས་མི་རིགས་ཡི་གེ་བདུན་གྱི་ཐོག་ནས་ཚོགས་ཆེན་གྱི་ཡིག་ཆ་ལོ་ཙཱ་བྱ་རྒྱུ་དང་། མི་རིགས་ཡིག་རིགས་བདུན་གྱི་ཚོགས་ཆེན་གྱི་ཡིག་ཆ་པར་འདེབས་བྱ་རྒྱུ། ཚང་འཛོམས་གྲོས་ཚོགས་འཚོག་དུས་ཡུལ་དངོས་སུ་མགྲིན་གཅིག་ཏུ་སྐད་བསྒྱུར་བྱ་རྒྱུ། པེ་ཅིང་དང་། ནང་སོག ཀོང་ཞི སི་ཁྲོན བོད་ལྗོངས། མཚོ་སྔོན། ཤིན་ཅང་སོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་ཀྱི་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་ལ་ཚོགས་ཆེན་གྱི་ཡིག་ཆ་གཙོ་བོ་མི་རིགས་ཀྱི་ཡི་གེའི་བསྒྱུར་ཡིག་མཁོ་འཁོན་བྱ་རྒྱུ་སོགས་ཀྱི་འགན་ཁུར་ཡོད་པ་རེད། འདི་ནི་མི་རིགས་ལོ་ཙཱ་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་ལིའུ་གཡུ་སྒྲོན་གྱིས་ཚོགས་ཆེན་གྱི་ཡིག་ཆ་སྒྱུར་བཞིན་ཡོད་པ་རེད།
    སོག་པོའི་ལོ་ཙཱ་བ།
    སོག་པོའི་ལོ་ཙཱ་བ།
    ཡུར་གུའི་ལོ་ཙཱ་བ།
    ཡུར་གུའི་ལོ་ཙཱ་བ།
    ཧ་སག་གི་ལོ་ཙཱ་བ།
    ཧ་སག་གི་ལོ་ཙཱ་བ།
    ཁྲའོ་ཞན་གྱི་ལོ་ཙཱ་བ།
    ཁྲའོ་ཞན་གྱི་ལོ་ཙཱ་བ།
    དབྱིས་རིགས་ཀྱི་ལོ་ཙཱ་བ།
    དབྱིས་རིགས་ཀྱི་ལོ་ཙཱ་བ།
    ཀྲོང་རིགས་ཀྱི་ལོ་ཙཱ་བ།
    ཀྲོང་རིགས་ཀྱི་ལོ་ཙཱ་བ། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།